ཁྱེད་རའི་ རྒྱལ་ཡོངས་ཚོགས་འདུའི་ འདེམས་ངོ་ཤེས་དགོཔ།

ཐིམ་ཕུག་ བྱང་།

བདེ་ཆེན་དབང་མོ།
སྐྱེས་ལོ་༤༢།
ཉམས་མྱོང་ མི་མང་གསོ་བའི་མཁས་མཆོག།
ཤེས་ཚད་ མི་མང་གསོ་རིང་ནང་ གཙུག་ལག་གོང་མ།

ཁྱོད་རའི་སྐོར་ལས་ ཚིག་ཐེངས་༣ སླབ?
ཉམ་ཆུང་དང་ ཚོར་དྲག་ཅན་ དེ་ལས་ བརྩོན་ཤུགས་ཅན།

ཁྱོད་རའི་འདེམས་ཁོངས་ནང་ གཙོ་རིམ་ག་ཅི་བཟུང་ནི?
ཐིམ་ཕུག་ལུ་སྡོད་མི་ག་ར་ལུ་ རྒྱུན་ཆད་མེད་པའི་ འཐུང་ཆུ་བཀྲམ་སྤེལ་འབད་ནི་དང་ གཟུགས་ཁམས་དང་ ཚོང་ལཱ་གོང་འཕེལ་གཏང་ནི། བྱང་ཐིམ་ཕུག་གི་མི་སེར་ཚུ་གྱི་ བདེ་ཐབས་དང་ དགའ་སྐྱིད་ དེ་ལས་ ཕོ་མོ་དང་ཨ་ལོའི་དོན་ལུ་ ཚོང་འབྲེལ་དང་ མི་སྡེ་ལུ་ཕན་ཐོགས་པའི་ གཞི་རྟེན་མཐོ་ཆས་ཚུ་ གཞི་བཙུགས་འབད་ནི། བྱང་ཐིམ་ཕུག་དེ་ ལུང་ཕྱོགས་ནང་ དཔེ་སྟོན་གྱི་འདེམས་ཁོངས་ཅིག་སྦེ་བཟོ་ནི།

ད་རེས་ཀྱི་ བཙག་འཐུ་ནང་ལས་ ཁྱོད་ཀྱིས་དགའ་མི་དང་ མ་དགའ་མི་རེ་སླབ?
བཙག་འཐུའི་བྱ་རིམ་ནང་ མི་སེར་ག་ར་དང་ འདེམས་ངོ་ འགོ་འདྲེན་པ་ བརྡ་བརྒྱུདཔ་ ན་གཞོན་ག་ར་གིས་ བློ་འདོད་ཐོག་ བཅའ་མར་གཏོགས་མི་དེ་ལུ་ ཡིད་ཆེས་བྱུང་ཡོདཔ་མ་ཚད་ སེམས་ཤུགས་སྦོམ་བསྐྱེད་བཅུག་སྟེ་ཡོད། བཙག་འཐུའི་སྐབས་ ང་བཅས་རའི་ རྒྱལ་ཁབ་དང་མི་སེར་ཚུ་གི་ ཁྱད་ཆོས་བཟང་པོ་ཚུ་ལུ་ མ་བདེན་པའི་གཏམ་དང་ དྲག་རྒོལ་འབད་ནི་ དེ་ལས་ ལྟ་བ་ངན་པ་ཚུ་ མི་དགའ་བས།

ཁྱོད་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་དོན་ལུ་ གདོང་ལེན་སྦོམ་ཤོས་ར་ ག་ཅི་འདུག?
མི་ཚུ་ལུ་ཡོད་པའི་ ཡ་མཚན་ཅན་དང་ ཁྱད་རིག་གི་ ཁྱད་ཆོས་དང་ནུས་པ་ དེ་ལས་ རིག་པ་ཚུ་གཡོག་བཀོལ་བཅུག་ནི།

མི་སེར་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་བཙུགས་དགོ་པའི་ གནད་དོན་གསུམ་སླབ?
མི་ཚུ་གིས་ ང་ལུ་ཡོད་པའི་ ཁྱད་ཆོས་དང་ནུས་པ་ དེ་ལས་ བརྩི་མཐོང་ཚུ་ལུ་གཟིགས་སྟེ་ ཚོགས་རྒྱན་བཙུགས་གནང་། ང་ར་ ཧེ་མ་ལས་ སྐྱིད་སྡུག་སྲིད་དེ་ སྦོམ་ཡོད་པའི་མི་ཅིག་ཨིནམ་ད་ ལཱ་ཚུ་རྩ་འགེངས་སྟེ་འབད་མི་ཅིག་ཨིན། གཞན་ལུ་ཕན་ཐོགས་པའི་ཞབས་ཏོག་དང་ ཕྱག་ཞུ་ནི་ལུ་ དམིགས་ཡུལ་བསྐྱེད་དེ་ སྲིད་ནང་བཅའ་མར་གཏོགས་ཅི། བཙག་འཐུའི་སྐབས་ དཀའ་ངལ་དང་གདོང་ལེན་ ག་ཅི་བཟུམ་འབྱུང་རུང་ ང་བཅས་ལུ་གནང་ཡོད་པའི་ གསོལ་རས་འབདཝ་ལས་ བྱམས་སྐྱོང་དང་ རྩ་བ་གསུམ་ལུ་ ཞབས་ཏོག་ཞུ་ནིའི་དོན་ལས་ ལག་ལེན་འཐབ་དགོཔ་ཨིན།

ཁྱོད་ར་ རྒྱལ་ཁ་འཐོབ་པ་ཅིན་ འགོ་དང་པ་ར་ ག་ཅི་འབད་ནི་སྨོ?
ང་ར་ སྨོན་ལམ་བཏབ་ཐོག་ ང་རའི་ཁས་བླངས་ཚུ་ ལྷག་བསམ་རྣམ་དག་ཐོག་ལས་ ལག་ལེན་འཐབ་ནི་དང་ རྒྱལ་ཁབ་དང་མི་སེར་གྱི་དོན་ལུ་ ཕྱག་ཞུ་ནི་ཨིན།

མི་སྡེ་བརྡ་བརྒྱུད་དེ་ བཙག་འཐུ་ནང་ ཕན་གནོད་ག་དེ་སྦེ་འདུག?
བརྡ་དོན་དང་ དབང་ཆ་ དེ་ལས་ དྭངས་གསལ་ཚུ་ མ་བདེནམ་མི་འོང་ནི་ཨིནམ་ལས་ མི་སྡེ་བརྡ་བརྒྱུད་དེ་ དབང་ཆ་དང་ དྭངས་གསལ་ཚུ་ གསལ་ཞུ་འབད་ས་ཨིནམ་ལས་ གཞུང་ག་ར་གིས་ མི་སེར་སྤྱིར་བཏང་གི་ བསམ་འཆར་ ཉེན་སྲུང་འབད་ནིའི་དོན་ལས་ རྒྱབ་སྐྱོར་འབད་དགོཔ་ཨི

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *