ཁྱེད་རའི་ རྒྱལ་ཡོངས་ཚོགས་འདུའི་ འདེམས་ངོ་ཤེས་དགོཔ།

ཀྲོང་གསར་ བྲག་སྟེང་- གླང་མཐིལ།

 

ཨོ་རྒྱན་རྣམ་རྒྱལ།
སྐྱེས་ལོ་༣༡།
ཤེས་ཚད། ཚོང་འབྲེལ་བདག་སྐྱོང་ནང་ མཐོ་རིམ་ཤེས་ཤེས་ཡོན།
ཉམས་མྱོང་ ཚོང་འབྲེལ་པ། འབྲུག་ནོར་རྒྱས་གསར་བཙུགས་འབད་མི།

ཁྱོད་རའི་སྐོར་ལས་ ཚིག་ཐེངས་༣ སླབ?
སྙིང་རྗེ་ཅན། ཕྲང་ཏང་ཏ། གཟབ་ཏོག་ཏོ།

ཁྱོད་རའི་འདེམས་ཁོངས་ནང་ གཙོ་རིམ་ག་ཅི་བཟུམ་བཟུང་ནི?
འཁོར་ལམ་སེལ་ནི་དེ་ གཙོ་རིམ་དང་པ་དང་ གཡུས་སྒོ་ལ་ལོ་ཅིག་ནང་ འཁོར་ལམ་མ་ལྷོད་མི་ཚུ་ སེལ་ཐོག་ལས་ རྩི་ནག་གཏང་ནི། འཐུང་ཆུའི་དཀའ་ངལ་སེལ་ནི་ལུ་ གཙོ་རིམ་སྒྲིག་ནི།

ད་རེས་ཀྱི་ བཙག་འཐུ་ནང་ལས་ ཁྱོད་ཀྱིས་དགའ་མི་དང་ མ་དགའ་མི་རེ་སླབ?
བཙག་འཐུ་དེ་ ག་ར་ཧ་ལས་སི་སི་སྦེ་ བྱུང་མི་དེ་དགའ་བས། མི་སྡེ་བརྡ་བརྒྱུད་ནང་ སྲིད་དོན་ཚོགས་པ་ཚུ་གི་སྐོར་ལས་ མ་བདེན་པའི་ འཐོར་གཏམ་དར་ཁྱབ་ བཏང་མི་དེ་མི་དགའ་བས།

ཁྱོད་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་དོན་ལུ་ གདོང་ལེན་སྦོམ་ཤོས་ར་ ག་ཅི་འདུག?
ད་རེས་ གདོང་ལེན་སྦོམ་ཤོས་ར་ རྒྱལ་ཁབ་ཀྱི་ དཔལ་འབྱོར་དེ་ ཚུལ་མཐུན་ལམ་ཕྱོགས་ལུ་ ཞུགས་བཅུག་ནི།

མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་བཙུགས་དགོ་པའི་ གནད་དོན་གསུམ་སླབ?
གལ་སྲིད་ མི་ཚུ་གིས་ སྤྱི་ཚོགས་ནང་ ན་གཞོན་དང་ ལྕོགས་གྲུབ་ཅན་ དེ་ལས་ སྙིང་རྗེ་ཅན་གྱི་ འཐུས་མི་དགོ་པ་ཅིན་ ང་ལུ་ ཚོགས་རྒྱན་བཙུགས་གནང་།

ཁྱོད་རྒྱལ་ཁ་འཐོབ་པ་ཅིན་ འགོ་དང་པ་ར་ ག་ཅི་འབད་ནི་སྨོ?
ཚོགས་རྒྱན་གྱི་ གྲུབ་འབྲས་ཐད་ཁར་ ད་རེས་ མནོ་བསམ་བཏང་བཏངམ་ར་མེདཔ་ལས་ ག་ཅི་ཡང་ ཞུ་མི་ཚུགས་པས།

མི་སྡེ་བརྡ་བརྒྱུད་དེ་ བཙག་འཐུ་ནང་ ཕན་གནོད་ག་དེ་སྦེ་འདུག?
མི་སྡེ་བརྡ་བརྒྱུད་དེ་ ལེགས་ཤོམ་སྦེ་ ལག་ལེན་འཐབ་པ་ཅིན་ ཁེ་ཕན་སྦོམ་ཡོདཔ་ད་ གལ་སྲིད་ ལག་ལེན་ཚུལ་མཐུན་མ་འཐབ་པ་ཅིན་ གནོད་པ་ཡང་འདུག།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *