གསར་སྤང་ ཤོམ་སྤང་ཁ།
དིའོ་ཀུ་མར་ རི་མཱལ།
སྐྱེས་ལོ་ ༣༤།
ཤེས་ཚད་ ཚན་རིག་བརྡ་དོན་འཕྲུལ་རིག་ནང་ མཐོ་རིམ་སློབ་གྲྭ།
ཉམས་མྱོང་ བརྡ་དོན་འཕྲུལ་རིག་ཁྱད་རིག་ཅན་དང་ ཚོང་ལཱ་འབད་མི།
ཁྱོད་རའི་སྐོར་ལས་ ཚིག་ཐེངས་༣ སླབ?
ཁ་དང་ལགཔ་ རྟགས་མཐུན་སྦེ་འབད་མི།
ཁྱོད་རའི་འདེམས་ཁོངས་ནང་ གཙོ་རིམ་ག་ཅི་བཟུང་ནི?
འཁོར་ལམ་གསརཔ་བཏོན་ནི་དང་ ད་ལྟོ་ཡོད་མི་སོ་ནམ་ཞིང་ལམ་ཚུ་ ཉམས་བཅོས་འབད་ནི་ དེ་ལས་ ལྟ་བཤལ་དང་སོ་ནམ་ དེ་ལས་ རྫོང་ཁག་ནང་འཁོད་ཀྱི་འཁོར་ལམ་ མཐུད་སྦྲེལ་འབད་ནི།
ད་རེས་ཀྱི་བཙག་འཐུ་ནང་ལས་ ཁྱོད་ཀྱིས་དགའ་མི་དང་མ་དགའ་མི་རེ་སླབ?
དགའ་མི་དེ་ དཀའ་ངལ་ཚུ་ངོས་འཛིན་འབད་ནི་དང་ མི་སེར་ཚུ་དང་གཅིག་ཁར་ མཐུན་ལམ་བཟོ་ཚུགས་མི་དེ་ཨིན་རུང་ མ་དགའ་མི་དེ་ སྲིད་དོན་ཚོགས་པ་ཚུ་གིས་ ཚོགས་པ་གཞན་ཚུ་གི་སྐོར་ལས་ ཁ་བཏང་མི་དེ་ཨིན།
ཁྱོད་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་དོན་ལུ་ གདོང་ལེན་སྦོམ་ཤོས་ར་ ག་ཅི་འདུག?
རྒྱལ་ཁབ་ཀྱི་ གདོང་ལེན་སྦོམ་ཤོས་ར་ རང་མགོ་རང་འདྲོངས་འགྲུབ་ནི་དེ་ཨིནམ་ད་ ང་བཅས་ལུ་ རྒྱལ་ཁབ་ཀྱི་རང་དབང་དང་ སྲུང་སྐྱོབ་ལུ་ཕན་ཐབས་ལུ་ སྤྱི་ལོ་༢༠༢༥ ལས་ རང་མགོ་རང་འདྲོངས་བཟོ་ནིའི་ གཙོ་རིམ་ཡོད།
མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་བཙུགས་དགོ་པའི་ གནད་དོན་གསུམ་སླབ?
དང་པ་ ང་ར་གཡུས་ཁར་སྦེ་ སྦོམ་ནི་དེ་གིས་ འདེམས་ཁོངས་ཀྱི་གནད་དོན་ཚུ་ ལེགས་ཤོམ་སྦེ་ར་ཧ་གོ། དེ་ལས་ ང་གིས་ སྤྱི་ཚོགས་ཀྱི་ཁ་སྐད་ ལེགས་ཤོམ་སྦེ་ སླབ་ཚུགས་ནི་དེ་གིས་ འདེམས་ཁོངས་ཀྱི་འཐུས་མི་སྦེ་ ལེགས་ཤོམ་སྦེ་ཕྱག་ཞུ་ཚུགས།
ཁྱོད་ར་རྒྱལ་ཁ་འཐོབ་པ་ཅིན་ འགོ་དང་པ་ར་ ག་ཅི་འབད་ནི་སྨོ?
འཁོར་ལམ་གསརཔ་བཏོན་ནི་དང་ ད་ལྟོ་ཡོད་མི་ལམ་ཚུ་ ཉམས་བཅོས་འབད་ནི་ དེ་ལས་ འདེམས་ཁོངས་ནང་ འགྲུལ་འཕྲིན་གྱི་རྒྱུན་ལམ་ཚུ་ རྒྱ་སྐྱེད་གཏང་ནི་ཨིན།
མི་སྡེ་བརྡ་བརྒྱུད་ བཙག་འཐུ་ནང་ ཕན་གནོད་ག་དེ་སྦེ་འདུག?
ཕན་པ་དང་གནོད་པ་༢ ཆ་ཡོདཔ་ལས་ ང་བཅས་ཀྱིས་ ཕན་ཐོགས་ཀྱི་དོན་ལུ་ ལག་ལེན་འཐབ་དགོཔ་གལ་ཆེ།