ཁྱེད་རའི་ རྒྱལ་ཡོངས་ཚོགས་འདུའི་ འདེམས་ངོ་ཤེས་དགོཔ།

གསར་སྤང་ དགེ་ལེགས་ཕུག།

ཀརྨ་དོན་ནོན་དབང་འདུས།
སྐྱེས་ལོ་༤༧།
ཤེས་ཚད། ནང་རིག་དང་ དཔར་འབྱོལ་མཐོ་རིམ་ཤེས་ཡོན་དང་ བརྡ་དོན་འཕྲུལ་རིག་ནང་ པི་ཇི་ཌོབ་ལོ་མ།
ཉམས་མྱོང་། སྤྱི་ཚོགས་ཀྱི་ འཐུས་མི་བགྲེསཔ།

ཁྱོད་རའི་སྐོར་ལས་ ཚིག་ཐེངས་༣ སླབ?
བློ་གཏད་ཅན་དང་ རེ་ཚུགསཔ་ གུས་ཞབས་ཅན།

ཁྱོད་རའི་འདེམས་ཁོངས་ནང་ གཙོ་རིམ་ག་ཅི་བཟུང་ནི?
ང་བཅས་ཀྱིས་ གྲོང་གསེབ་དང་ ཁྲོམ་སྡེའི་མི་ཚུ་ལུ་ གསོ་བའི་གཞི་རྟེན་མཐུན་རྐྱེན་ཚུ་ འཐོབ་ཚུགསཔ་བཟོ་ནི། མི་སེར་ཚུ་ལུ་ གསོ་བའི་གཞི་རྟེན་མཐུན་རྐྱེན་ ཐོབ་སྤྱོད་འབད་ནི་དེ་ རྩ་ཁྲིམས་ཅན་གྱི་ ཐོབ་དབང་ཨིན།

ད་རེས་ཀྱི་ བཙག་འཐུ་ནང་ལས་ ཁྱོད་ཀྱིས་དགའ་མི་དང་ མ་དགའ་མི་རེ་སླབ?
བཙག་འཐུའི་བྱ་རིམ་སྐབས་ མི་ལ་ལོ་གིས་ སྲིད་ཚོགས་གཞན་ཚུ་ལུ་ ཁ་གཏང་མི་དང་ བྱད་སྨད་རྐྱབ་མི་དེ་ མི་དགའ་བས། སྲིད་ཚོགས་ཅིག་ལུ་ དམའ་ཕབ་རྐྱབ་སྟེ་ ཟོགཔ་སླབ་ནི་མེན་པར་ མི་སེར་ཚུ་ལུ་ དབྱེ་དཔྱད་འབད་བཅུག་དགོ། ད་རིས་ཀྱི་ བཙག་འཐུ་གིས་ སྲིད་ཚོགས་གསརཔ་ལུ་ གོ་སྐབས་ལེགས་ཤོམ་མཐོང་མི་དེ་ ཧན་པའི་གཏམ་ཅིག་སྦེ་མཇལཝ་མས།

ཁྱོད་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་དོན་ལུ་ གདོང་ལེན་སྦོམ་ཤོས་ར་ ག་ཅི་འདུག?
རྒྱལ་ཁབ་ཀྱི་དོན་ལུ་ གདོང་ལེན་སྦོམ་ཤོས་ར་ བཙག་འཐུའི་ཤུལ་ལས་ གཅིག་མཐུན་སྦེ་ སྡོད་ནི་དེ་ཨིན། ང་གིས་ བཙག་འཐུ་ལན་ཐེངས་༣ ནང་ བཅའ་མར་གཏོགས་ཡོདཔ་ལས་ བཙག་འཐུ་རེ་ནང་ མི་སྡེ་མང་སུ་སྦེ་ ཁག་དབྱེ་སྟེ་མགྱོ་སར་མཐོང་ཡི། རྒྱལ་ཁབ་ནང་ ཞི་བདེ་དང་ དཔལ་ཡོན་གྱི་དོན་ལུ་ སྲིད་ཚོགས་ག་ད་ཡང་འབྲེལ་མཐུན་ཡོད་རུང་ དེ་ཚུ་ལུ་མ་བལྟ་བར་ ང་བཅས་ཆ་ཁྱབ་ གཅིག་མཐུན་སྦེ་སྡོད་དགོ།

མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་བཙུགས་དགོ་པའི་ གནད་དོན་གསུམ་སླབ?
ང་ལུ་ ཉམས་མྱོང་དང་ མི་སྡེ་ལུ་ ཞབས་ཏོག་ཞུ་ནིའི་ ཁས་བླངས་ཡོད་པའི་ཁར་ མི་ཚེ་ནང་ ག་ཅི་གུ་ཅི་འབད་ནིའི་ རེ་འདོད་ཡོདཔ་ད་ ང་གིས་ སྤྱི་ཚོགས་ཀྱི་ བཙག་འཐུ་ཚུ་ནང་ བཅའ་མར་གཏོགསཔ་ད་ ཚར་གཅིག་ཕམ་ཡོདཔ་མ་ཚད་ ཚར་གཅིག་རྒྱལ་ཁ་ཐོབ་ཅི།

ཁྱོད་ར་རྒྱལ་ཁ་འཐོབ་པ་ཅིན་ འགོ་དང་པ་ར་ ག་ཅི་འབད་ནི་སྨོ?
ང་གིས་ རྒྱལ་ཁ་འཐོབ་པ་ཅིན་ དང་པ་ར་ རྒྱལ་ཁབ་དང་ ང་རའི་འདེམས་ཁོངས་ཀྱི་ མི་སེར་ཚུ་ལུ་ བཀའ་དྲིན་ཆེ་ཟེར་ ཞུ་ནི་དང་ མི་སེར་ཚུ་ གཅིག་མཐུན་ཐོག་ སྡོད་གནང་ཟེར་ ཞུ་བ་འབད་ཞིནམ་ལས་ གཙོ་རིམ་ཚུ་ལུ་ གཙོ་བོར་བཏོན་འོང་།

མི་སྡེ་བརྡ་བརྒྱུད་ བཙག་འཐུ་ནང་ ཕན་གནོད་ག་དེ་སྦེ་འདུག?
འདི་ མི་སྡེ་བརྡ་བརྒྱུད་ལག་ལེན་འཐབ་ཐངས་དང་འཁྲིལ་འགྱོ་འོང་།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *