ཁྱེད་རའི་ རྒྱལ་ཡོངས་ཚོགས་འདུའི་ འདེམས་ངོ་ཤེས་དགོཔ།

བསམ་རྩེ་ ཨོ་རྒྱན་རྩེ་- འོད་གསལ་རྩེ།

དི་ནིཤ་ ཀུར་མར་ པར་དཱན།
སྐྱེས་ལོ་༥༩ །
ཉམས་མྱོང་ ལོ་ངོ་༢༡ གི་རིང་ དབུ་འཛིན་དང་ལོ་༨ དབུ་འཛིན་འོགམ་ དེ་ལས་ ལོ་༣ སློབ་དཔོན།
ཤེས་ཚད་ ཤེས་རིག་ནང་མཐོ་རིམ་གོང་མ།

ཁྱོད་རའི་སྐོར་ལས་ ཚིགས་ཐེངས་༣ སླབ?
རྩོན་འགྲུས་ཅན་དང་གཞན་ལུ་རྩེ་བ་ཅན་ དེ་ལས་ ལཱ་རྩ་འགེངས་ཏེ་འབད་མི།

ཁྱོད་རའི་འདེམས་ཁོངས་ནང་ གཙོ་རིམ་ག་ཅི་བཟུང་ནི?
སོ་ནམ་ཞིམ་ལམ་དང་ཟམ་པ་ དེ་ལས་ སྨན་ཁང་།

ད་རེས་ཀྱི་བཙག་འཐུ་ནང་ ཁྱོད་ཀྱིས་དགའ་མི་དང་ མ་དགའ་མི་རེ་སླབ?
དགའ་མི་དེ་ གཡུས་སྐད་ནང་ སླབ་ནིའི་གོ་སྐབས་འཐོབ་མི་དང་ མ་དགའ་མི་ མེད།

ཁྱོད་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་དོན་ལུ་ གདོང་ལེན་སྦོམ་ཤོས་ར་ ག་ཅི་འདུག?
ཡོདཔ་དང་མེད་པའི་བར་ན་ ཁྱད་པར་ཉུང་སུ་བཟོ་ནི་དང་ ཕྱུགཔོ་ཚུ་ཕྱུགཔ་ར་ཐལ་མི་དང་ སྤྱང་ཀ་ཚུ་སྤྱང་ཀ་སྦེ་ར་ ལུས་པའི་གདོང་ལེན།

མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་བཙུགས་དགོ་པའི་ གནད་དོན་གསུམ་སླབ?
མི་ཚུ་གིས་ ཚོགས་པ་གསརཔ་ལུ་ གོ་སྐབས་བྱིན་དགོ་ ང་གི་གཙོ་རིམ་ངོ་མ་ ཡོདཔ་དང་མེད་པའི་བར་ན་ ཁྱད་པར་ཉུང་སུ་བཟོ་ནི་དེ་ཨིན་ ང་བཅས་ཀྱིས་ གསོ་བའི་ཞབས་ཏོག་དང་མཐུན་རྐྱེན་ཚུ་ལུ་ གཙོ་རིམ་བཟུངམ་ཨིན།

ཁྱོད་ར་ རྒྱལ་ཁ་འཐོབ་པ་ཅིན་ འགོ་དང་པ་ར་ ག་ཅི་འབད་ནི་སྨོ?
འཁོར་ལམ་དང་ ཟམ་པ་ དེ་ལས་ གསོ་བའི་ཞབས་ཏོག་ཚུ་ ལེགས་ཤོམ་སྦེ་བྱིན་ནི་ ཚོགས་པའི་གཙོ་འཛིན་གྱི་ཁས་བླངས་ཚུ་ ང་གིས་ འཕྲོ་མཐུད་དེ་འབད་ནི། དེ་འཕྲོ་ལས་ སློབ་རིམ་བཅུ་པའི་ སྐུགས་ཚད་ལུ་ ལཱ་འབད་ནི།

མི་སྡེ་བརྡ་བརྒྱུད་ བཙག་འཐུ་ནང་ ཕན་གནོད་ག་དེ་སྦེ་འདུག?
དེ་གིས་ ཕན་ཐོགས་ལེ་ཤ་འདུག་ ལེགས་ཤོམ་སྦེ་འབྲི་ཤེས་མི་ཚུ་ལུ་ ཕན་ཐོགས་དང་ ལེགས་ཤོམ་སྦེ་ འབྲི་མ་ཤེས་མི་ཚུ་ལུ་ ཕན་ཐོགས་དེ་ཅིག་མིན་འདུག།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *