བསམ་རྩེ་ རྡོ་ཕུག་ཅན་- རྟ་སྡིངས།
ཋ་ཀུར་སིང་ པའུ་ཌེལ།
སྐྱེས་ལོ་༥༩།
ཉམས་མྱོང་ ཤེས་རིག་བློན་པོ་བགྲེསཔ།
ཤེས་ཚད་ ཤེས་རིག་གི་ནང་རིག་ནང་ མཐོ་རིམ་གོང་མ།
ཁྱོད་རའི་སྐོར་ལས་ ཚིགས་ཐེངས་༣ སླབ?
བྱམས་བརྩེ་ཅན་དང་ མནོ་ཅན་ དེ་ལས་ གྲུབ་འབྲས་ལུ་ཤུགས་བཏོན་མི།
ཁྱོད་རའི་འདེམས་ཁོངས་ནང་ གཙོ་རིམ་ག་ཅི་བཟུང་ནི་སྨོ?
སྤྱི་ལོ་༢༠༠༨ ལས་༢༠༡༣ གྱི་བར་ན་ འདེམས་ཁོངས་ནང་ གོང་འཕེལ་གཏང་ཡོད་རུང་ མཇུག་བསྡུ་མ་ཚུགས་པའི་ འཆར་གཞི་ལེ་ཤ་ཡོད། གཞི་རྟེན་མཁོ་ཆས་གོང་འཕེལ་གཏང་ནི་ འཁོར་ལམ་བཏོན་ནི་ ཟམ་རྐྱབ་ནི་ གཙུག་སྡེ་ནང་ཞབས་ཏོག་སྤྲོད་ནི་ལེ་ཤ་ཡོད། དེ་གི་ནང་ལས་ དམིགས་བསལ་དུ་ ཤེས་རིག་དང་གསོ་བ་ སོ་ནམ་དང་ལས་འགུལ་ཡར་རྒྱས་གཏང་ནི་ མི་སྡེ་ཡུན་བརྟན་ཅན་བཟོ་ནི་ཚུ་ཡོད།
ད་རེས་ཀྱི་བཙག་འཐུ་ནང་ལས་ ཁྱོད་ཀྱིས་དགའ་མི་དང་ མ་དགའ་མི་རེ་སླབ?
འབྲུག་མི་ཚུ་གིས་ རྒྱལ་ཁབ་ཀྱི་མཐའ་དོན་ལུ་ལྟ་མི་ལུ་ ཡིད་ཆེས་ཡོད་པའི་ཁར་ བཙག་འཐུ་ནང་ལས་ རྒྱལ་ཁ་འཐོབ་ནིའི་དོན་ལུ་ བཙག་འཐུའི་སྒྲིག་གཞི་ལས་འགལ་བའི་ བྱ་ངན་འབད་མི་ལུ་མ་དགའ།
ཁྱོད་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་དོན་ལུ་ གདོང་ལེན་སྦོམ་ཤོས་ར་ ག་ཅི་འདུག?
རྒྱལ་ཡོངས་ཀྱི་ གཅིག་མཐུན་ལུ་ཉེན་ཁ་ཡོད་པའི་ཁར་ རྒྱལ་ཁམས་ཀྱི་ཟུང་ཕྱོགས་མཐུན་ལམ་གྱི་སྐོར་ལས་ཡང་ ལོ་རྒྱུས་ཚུ་ཐོན་ནི་འདུག། ཨིན་རུང་ ང་ར་ ཡིད་ཆེས་ཡོད་པའི་མི་ཅིག་འབད་ནི་དེ་གིས་ དུས་བརྟན་ཀྱང་ ལེགས་པའི་ལམ་ལུ་འགྱོ་འོང་།
མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་བཙུགས་དགོ་པའི་ གནད་དོན་གསུམ་སླབ?
མི་ཚུ་གིས་ དྲག་ཤོས་ག་ཨིན་ན་ཤེས། འདེམས་ངོ་ང་གིས་ རྒྱལ་ཁབ་ཀྱི་དོན་ལུ་ ག་དེ་སྦེ་འབདཝ་ཨིན་ན་ཤེས་ནི་དེ་གིས་ མི་སེར་ཚུ་གིས་ རྒྱལ་ཁབ་ཀྱི་དོན་ལུ་ ཡུན་བརྟན་ནང་ ག་གིས་ཕན་ཐོགས་ནི་ཨིན་ན་ཤེས།
ཁྱོད་ར་ རྒྱལ་ཁ་འཐོབ་པ་ཅིན་ འགོ་དང་པ་ར་ ག་ཅི་འབད་ནི་སྨོ?
མི་ཚུ་ལུ་བཀྲིན་བསམ་སྟེ་ གནས་བདག་གཞི་བདག་ཚུ་ལུ་ འདེམས་ཁོངས་ཀྱི་དོན་དག་ཚུ་ འགྲུབ་ཐབས་ལུ་ གསོལཝ་བཏབ་ནི།
མི་སྡེ་བརྡ་བརྒྱུད་ བཙག་འཐུ་ནང་ ཕན་གནོད་ག་དེ་སྦེ་འདུག?
ཕན་གནོད་གཉིས་ཆ་ར་འདུག། མི་ཚུ་གིས་ རང་གི་མཐའ་དོན་ལུ་ལྟ་སྟེ་ ག་མནོཝ་འབད་མི་ལུ་ རྣམ་ཏོག་ལང་སི་སི་ཨིན་རུང་ ང་བཅས་ཀྱིས་ དེ་བ་དྲགཔ་སྦེ་འབད་ཚུགས།