བསམ་རྩེ་ རྡོ་ཕུག་ཅན་- རྟ་སྡིངས།
ལོག་ནཱཐ་ ཤར་མ།
སྐྱེས་ལོ་༤༨།
ཤེས་ཚད་ དཔལ་འབྱོར་ནང་མཐོ་རིམ་གོང་མ་དང་ མི་སྡེ་ཞབས་ཏོག་ནང་ ཌིབ་ལོ་མ།
ཉམས་མྱོང་ ལོ་ངོ་༡༧ གྱི་རིང་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་ནང་ སྐྱེལ་འདྲེན་འཆར་གཞི་དང་ལུང་ཕྱོགས་འགོ་འཛིན། མི་སྡེ་དཔལ་འབྱོར་གྲོས་སྟོན་པ་དང་མི་སྡེའི་ལཱ་འབད་མི།
ཁྱོད་རའི་སྐོར་ལས་ ཚིག་ཐེངས་༣ ནང་སླབ?
ག་ཅི་ཨིན་རུང་ འབད་ཚུགས་པའི་བློ་སྟོབས་ཅན།
ཁྱོད་རའི་འདེམས་ཁོངས་ནང་ གཙོ་རིམ་ག་ཅི་བཟུང་ནི?
སོ་ནམ་གོང་འཕེལ་དང་གསོ་བ་དང་ཤེས་རིག་ དེ་ལས་ འདེམས་ཁོངས་ན དཔལ་འབྱོར་ལུ་བརྟེན་པའི་མི་སྡེ་བཟོ་ནི།
ད་རེས་ཀྱི་བཙག་འཐུ་ནང་ལས་ ཁྱོད་ཀྱིས་དགའ་མི་དང་ མ་དགའ་མི་རེ་སླབ?
ག་ར་དགའ་བས། ཉམས་མྱོང་ཡ་མཚན་ཅན་ཐོབ་ཅི། མ་དགའ་མི་ག་ཅི་ཡང་མེད།
ཁྱོད་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་དོན་ལུ་ གདོན་ལེན་སྦོམ་ཤོས་ར་ ག་ཅི་འདུག?
ལཱ་གཡོག་གི་དཀའ་ངལ།
མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་བཙུགས་དགོ་པའི་ གནད་དོན་གསུམ་སླབ?
ང་ལུ་ ཉམས་མྱོང་ཡོད་པའི་ཁར་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ ང་ར་ མི་ངོ་འོས་ལྡན་ཨིན། ང་གིས་མི་སེར་ཚུ་དང་གཅིག་ཁར་སྡོད་དེ་ ཁོང་གི་དཀའ་ངལ་ཚུ་ ཉན་ཡོད། ང་ར་ མི་སྡེའི་ཞབས་ཏོག་དང་མི་སྡེ་ལུ་ སྤྲོ་བ་ཡོད་མི་ཅིག་ཨིན།
ཁྱོད་ར་རྒྱལ་ཁ་འཐོབ་པ་ཅིན་ འགོ་དང་པ་ར་ ག་ཅི་འབད་ནི་སྨོ?
འདེམས་ཁོངས་ནང་ལོག་སོང་སྟེ་ བཀྲིན་དགའ་ཚོར་བསམ་ནི།
མི་སྡེ་བརྡ་བརྒྱུད་ བཙག་འཐུ་ནང་ ཕན་གནོད་ག་དེ་སྦེ་འདུག?
མི་སེར་ཚུ་ལུ་ གོ་བརྡ་སྤྲོད་ནིའི་དོན་ལུ་ ཕན་ཐོགས་འདུག།