ཁྱེད་རའི་ རྒྱལ་ཡོངས་ཚོགས་སྡེ་གི་ འདེམས་ངོ་ཤེས་དགོཔ།

ཀྲོང་གསར།

བཀྲིས་བསམ་གྲུབ།
སྐྱེས་ལོ་ ༤༦
གཡུས་ ལྗོངས་ཐང་།
རྒེད་འོག་ ནུབ་སྦིས།
ཤེས་ཚད་ རང་བཞིན་གནས་སྟངས་འཛིན་སྐྱོང་ནང་ མཐོ་རིམ་ཤེས་ཚད་དང་ གངས་རི་ནགས་ཚལ་ནང་ གཙུག་ལག་ཤེས་ཚད་ཡོད།
ཉམས་མྱོང་ ནགས་ཚལ་རྒྱ་སྐྱེད་འགོ་དཔོན་དང་ རྫོང་ཁག་ནགས་ཚལ་འགོ་དཔོན་ དེ་ལས་ གྲོས་སྟོན་པ་སྦེ་ ཕྱག་ཞུ་བའི་ ཉམས་མྱོང་ཡོད།
མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་ག་ཅི་སྦེ་ བཙུགས་དགོཔ? རྒྱལ་ཡོངས་ཚོགས་སྡེནང་ བཅའ་མར་གཏོགས་ནིའི་ རེ་འདོད་དེ་ ང་ལུ་ སྤྱི་ཚོགས་ནང་ ཁོང་གི་ངོ་ཚབ་འབད་ནིའི་ ལྕོགས་གྲུབ་ཡོདཔ་མཐོང་མི་ མི་སེར་ཚུ་གི་ རྒྱབ་སྐྱོར་དེ་ཨིནམ་ད་ མི་ཚུ་གིས་ ཁོང་གི་འདེམས་ངོ་སྦེ་ གདམ་འཐུ་འབད་མི་ལུ་ དགའ་ཚོར་ཡོདཔ་བཞིན་དུ་ ང་གིས་ ཁོང་ལུ་ ཕྱག་ལེགས་ཤོམ་ཞུ་ནིའི་ གོ་སྐབས་འཚོལཝ་ཨིན། ང་ལུ་ སྲིད་བྱུས་ཀྱི་ གནས་ཚད་ནང་ ཕྱག་ཞུ་ནིའི་ སྤྲོ་བ་ཡོད་མི་ལུ་བརྟེན་ སྤྱི་ལོ་༢༠༡༨ ཀྱི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ ང་རའི་ལཱ་གཡོག་དེ་ བཀོག་བཞག་ཡོདཔ་ད་ ང་ལུ་ ལས་སྡེ་མ་འདྲཝ་ཚུ་ནང་ ལོ་༢༤ གི་རིང་ ཕྱག་ཞུ་བའི་ཤེས་ཡོན་དང་ ཉམས་མྱོང་ཚུ་གིས་ མི་ཚུ་གི་ མགྲིན་ཚབ་དང་ ག་ར་ལུ་ ཕན་ཐོགས་བྱུང་བའི་ ཁྲིམས་དང་སྲིད་བྱུས་ཚུ་ བཟོ་ནི་དང་ བསྐྱར་ཞིབ་འབད་ནི་ལུ་ ལྷན་ཐབས་འབྱུང་ནི་ཨིནམ་ལས་ ང་གིས་ བསམ་འཆར་དང་རེ་འདོད་ དེ་ལས་ བསྒྱུར་བཅོས་གསརཔ་ཚུ་གི་ཐོག་ལས་ ང་རའི་ལྕོགས་གྲུབ་བཏོན་ཚུགས་ནི་མས་ཟེར་ མནོཝ་མས།

མཐར་ཕྱིན།
སྐྱེས་ལོ་ ༣༨

གཡུས་ གནམ་ཐལ།

རྒེད་འོག་ གླང་མཐིལ།

ཤེས་ཚད་ ཤེས་རིག་ནང་ མཐོ་རིམ་ཤེས་ཚད་དང་ ཤེས་རིག་བདག་སྐྱོང་དང་ འཛིན་སྐྱོང་ནང་ གཙུག་ལག་ཤེས་ཚད་ཡོད།

ཉམས་མྱོང་ སློབ་གྲྭའི་དབུ་འཛིན་དང་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་སྦེ་ ཕྱག་ཞུ་བའི་ ཉམས་མྱོང་ཡོད།

མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་ག་ཅི་སྦེ་ བཙུགས་དགོཔ? ང་གིས་ མི་ཚུ་གི་ ངོ་ཚབ་འབད་དེ་ སྤྱི་ཚོགས་དང་ ང་རའི་འདེམས་ཁོངས་༢ ཆ་རའི་ འགན་ཁུར་གྲུབ་ཡོདཔ་ད་ མི་ཚུ་གིས་ ང་རའི་ལྕོགས་གྲུབ་དང་ གསར་གཏོད་ དེ་ལས་ ཁས་ལེན་ཚུ་ནང་ ཁོང་གི་ཁེ་ཕན་དང་ ཞབས་ཏོག་ཚུ་གི་ ཁས་བླངས་མཐོང་ཡོདཔ་བཞིན་དུ་ ང་གིས་ ཀྲོང་གསར་ལུ་ མི་མང་ཞབས་ཏོག་ནང་ འདས་པའི་ལོ་༡༥ གི་རིང་ ཕྱག་ཞུ་མི་ལུ་བརྟེན་ མི་ཚུ་ ང་དང་གཅིག་ཁར་ འབྲེལ་བ་ཡོདཔ་ལས་ ཁོང་གི་གནད་དོན་དང་ དཀའ་ངལ་ཚུ་ ལེགས་ཤོམ་སྦེ་ར་ ཧ་གོ་ཚུགས།

གཞལམ་སྒང་།

རྡོ་རྗེ་ཚེ་བརྟན།
སྐྱེས་ལོ་༣༨

གཡུས་ པཱན་ཏང་།
རྒེད་འོག་ འཕང་མཁར།
ཤེས་ཚད་ ཚོང་རིག་ནང་ མཐོ་རིམ་ཤེས་ཚད། རྒྱལ་སྤྱི་དཔལ་འབྱོར་དང་དངུལ་རྩིས་ནང་ གཙུག་ལག་ཤེས་ཚད། རྒྱལ་འཛིན་གཞུང་སྐྱོང་དང་ཐབས་རིག་སྤེལ་ཁང་།
ཉམས་མྱོང་ ལོ་ངོ་༡༠ གྱི་རིང་ འབྲུག་གོང་འཕེལ་དངུལ་ཁང་ནང་ལཱ་འབད་བའི་སྐབས་ ཡན་ལག་ཡིག་ཚང་གི་འཛིན་སྐྱོང་སྦེ་ ཕྱག་ཞུ་ཡོདཔ་མ་ཚད་ ཀརྨ་ཚོང་ལས་ནང་ མདོ་ཆེན་འབད་ཡོདཔ་ད་ དགེ་ལེགས་ཕུག་ལུ་ ཚོང་ལཱ་ཅིག་འབད་ཡོད་པའི་ཉམས་མྱོང་ཡོད།
མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་ག་ཅི་སྦེ་ བཙུགས་དགོཔ? ང་གིས་ རྩ་བ་༣ ལུ་ ཕྱག་ཞུ་ནིའི་སྤྲོ་བ་སྦོམ་ཡོདཔ་བཞིན་དུ་ དམིགས་ཡུལ་འགྲུབ་ཐབས་ཀྱི་དོན་ལུ་ ཐབས་ཤེས་ལེགས་ཤོམ་ཅིག་ སྤྱི་ཚོགས་ནང་ བཅའ་མར་གཏོགས་ཐོག་ལས་ ཕྱག་ཞུ་མི་དེ་ཨིན་པས། མ་གཞི་ སྤྱི་ལོ་༢༠༡༣ ལུ་ རྒྱལ་ཡོངས་ཚོགས་སྡེ་ནང་ བཅའ་མར་གཏོགས་པའི་སྐབས་ རྒེད་འོག་གི་གནས་ཚད་ལས་ གདམ་འཐུ་འགྲུབ་མ་ཚུགས་རུང་ དེ་གིས་ སྤྱི་ཚོགས་ནང་བཅའ་མར་གཏོགས་ནིའི་སྤྲོ་བ་ལུ་ བར་རྐྱེན་མ་རྐྱབ་མ་ཚད་ ཧེལ་སྐལ་ར་ བཙག་འཐུ་ནང་བཅའ་མར་གཏོགས་ནིའི་ སྤྲོ་བ་བསྐྱེད་ཅི། མི་དབང་མཆོག་གི་དགོངས་བཞེད་ རྒྱལ་ཁབ་ནང་བདེ་སྐྱིད་དང་ཞི་བདེ་བཟོ་ཐོག་ལས་ ང་བཅས་རའི་ མ་འོངས་པའི་མཐའ་དོན་འགྲུབ་ནིའི་དོན་ལུ་ ཐ་དམ་ཚིག་དཔང་བཙུགས་ཏེ་ ཕྱག་ཞུ་ནིའི་ ཁས་བླངས་ཕུལཝ་ཨིན།

པདྨ་གྲགས་པ།
སྐྱེས་ལོ་ ༤༩

གཡུས་ ཁོམས་ཤར།

རྒེད་འོག་ བར་དོ།
ཤེས་ཚད་ སོ་ནམ་ཚན་རིག་ནང་ མཐོ་རིམ་ཤེས་ཚད། བཟའ་སྤྱོད་ཚན་རིག་ནང་ གཙུག་ལག་ཤེས་ཚད།
ཉམས་མྱོང་ སོ་ནམ་དང་ནགས་ཚལ་ལྷན་ཁག་ནང་ ལོ་༡༤ གི་རིང་ཕྱག་ཞུ་བའི་སྐབས་ རྒྱལ་ཡོངས་སོ་ནམ་ཐོན་སྐྱེད་ལྟེ་བའི་ནང་ ལས་འགུལ་མདོ་ཆེན་སྦེ་ཕྱག་ཞུ་ཡི། རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་སྦེ་ ཕྱག་ཞུ་བའི་སྐབས་ མི་དམངས་དངུལ་རྩིས་ཚོགས་ཆུང་དང་དཔལ་འབྱོར་གོང་འཕེལ་ཚོགས་ཆུང་གི་ འཐུས་མི་སྦེ་ཕྱག་ཞུ་ཡི།
མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་ག་ཅི་སྦེ་ བཙུགས་དགོཔ? ང་གིས་ སྤྱི་ཚོགས་ནང་ འགན་ཁུར་ཁག་ཆེ་ཤོས་༣ འབག་མིའི་གྲས་ལས་ ཁྲིམས་བཟོ་དང་ འཛོལ་སྐྱོན་ དེ་ལས་ མི་སེར་ཚུ་གི་ངོ་ཚབ་སྦེ་ འགན་ཁུར་ལེགས་ཤོམ་འབག་ཅི། འདེམས་ཁོངས་དང་འབྲེལ་བའི་དཀའ་ངལ་ཚུ་ གདོང་ལེན་འབད་ནིའི་དོན་ལུ་ མི་སེར་ཚུ་དང་གཅིག་ཁར་ མཐུན་འབྲེལ་ལེགས་ཤོམ་བཟོ་ཐོག་ལས་ མཉམ་འབྲེལ་ཐོག་ལས་ལཱ་འབད་ཡི། འདེམས་ཁོངས་ནང་ གོང་འཕེལ་གཏང་ཐོག་ལས་ ང་རའི་ལྕོགས་གྲུབ་དང་ ཐ་དམ་ཚིག་ དེ་ལས་ རྩ་བ་༣ ལུ་ཕྱག་ཞུ་ནིའི་སྙིང་སྟོབས་ཚུ་ གསལ་སྟོན་འབད་ཚུགས་ཅི། ང་ལུ་ སྤྱི་ཚོགས་ནང་ ཕྱག་ཞུ་བའི་ཉམས་མྱོང་ཡོདཔ་ལས་ ལམ་ལུགས་དྭངས་གསལ་ཅན་དང་ འགན་འཁྲི་ཅན་བཟོ་ནི་ཨིན།

སངས་རྒྱས་རྡོ་རྗེ།
སྐྱེས་ལོ་ ༥༧

གཡུས་ བུ་ད་ཤི།

རྒེད་འོག་ སྒོ་ཤིང་།

ཤེས་ཚད་ མི་མང་བདག་སྐྱོང་ནང་ མཐོ་རིམ་ཤེས་ཚད། གོང་འཕེལ་དང་བདག་སྐྱོང་ནང་ མཐོ་རིམ་གོང་མ་ཌིབ་ལོ་མའི་ཤེས་ཚད།
ཉམས་མྱོང་ ནང་སྲིད་ལྷན་ཁག་ནང་ ལོ་༢༡ ཕྱག་ཞུ་བའི་སྐབས་ ཕྱི་མི་ནང་སྐྱོད་ལས་ཁུངས་ཀྱི་ མདོ་ཆེན་ངོ་ཚབ་དང་ ལུང་ཕྱོགས་མདོ་ཆེན་འབད་ཡོདཔ་མ་ཚད་ དྲུང་ཚབ་དང་རྫོང་རབ་ བདག་སྐྱོང་དང་མི་རྩིས་ དེ་ལས་ འཆར་གཞི་འགོ་དཔོན་སྦེ་ཕྱག་ཞུ་ཡི།
མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་ག་ཅི་སྦེ་ བཙུགས་དགོཔ? དམངས་གཙོའི་རིང་ལུགས་ནང་ ཁྲིམས་ལུགས་སྒྲིང་སྒྲི་བཟོ་ནིའི་དོན་ལུ་ སྤྱི་ཚོགས་ཀྱི་འཐུས་མི་ ཉམས་མྱོང་ཡོད་མི་དང་ ལྕོགས་གྲུབ་ཡོད་མི་དགོ། སྲིད་ལས་ཐ་དད་ཨིན་མི་ རྒྱལ་ཡོངས་ཚོགས་སྡེ་དེ་ མཁྱེན་རྒྱ་ཅན་གྱི་གཙུག་སྡེ་ཅིག་ཨིནམ་ལས་ མི་སེར་གྱི་ རེ་འདོད་འགྲུབ་ཐབས་ལུ་ ཁྲིམས་དང་སྲིད་བྱུས་ཚུ་ ལེགས་ཤོམ་བརྩམ་དགོ།
མི་སེར་ཚུ་གིས་ ང་ལུ་ཉམས་མྱོང་དང་ ལྕོགས་གྲུབ་ དེ་ལས་ ཤེས་ཚད་ཡོདཔ་ཤེས་ནི་དེ་གིས་ བློ་གཏད་དང་ ཡིད་ཆེས་བསྐྱེད་མི་དེ་ལུ་ ང་གིས་ ཅི་ཤེས་གང་ལྕོགས་ཀྱི་ཐོག་ལས་ ཕྱག་ཞུ་ནི་ཨིན།

བསོད་ནམས་ལས་སྐྱིད།
སྐྱེས་ལོ་ ༣༨

གཡུས་ ཚྭའི་མདངས།

རྒེད་འོག་ ནང་སྐོར།

ཤེས་ཚད་ ཤེས་རིག་ནང་ མཐོ་རིམ་ཤེས་ཚད་ཡོད།

ཉམས་མྱོང་ སློབ་དཔོན་སྦེ་ཕྱག་ཞུ་ཡོདཔ་མ་ཚད་ ཚན་རིག་གི་ཆོས་ཚན་བཟོ་ཡོད་པའི་ཁར་ བརྡ་དོན་འཕྲུལ་རིག་དང་ ཡོངས་འབྲེལ་འཆར་སྒོ་བཟོ་བའི་ ཉམས་མྱོང་ཡོད།
ང་གིས་ མི་སེར་ཚུ་ལུ་ ཁོང་གི་ངོ་ཚབ་སྦེ་ བཙག་འཐུ་འབད་ནིའི་དོན་ལུ་ གདམ་འཐུའི་གོ་སྐབས་ཕུལཝ་ཨིན། མི་སེར་ཚུ་གིས་ རེ་འདོད་བསྐྱེད་མི་དང་བསྟུན་ ཁོང་གི་མགྲིན་ཚབ་སྦེ་ ཕྱག་ཞུ་ནི་ཨིན། དེ་མ་ཚད་ བཅའ་ཁྲིམས་དང་སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ཐོག་ལས་ ཁེངས་རིགས་རྣམ་གསུམ་གྱི་ མི་སེར་དང་ སྤྱིར་བཏང་འབྲུག་མི་ག་ར་ལུ་ ཕྱག་ཞུ་ནིའི་ ཁས་བླངས་ཕུལཝ་ཨིན།
ང་གིས་ རྫོང་ཁག་ནང་ སློབ་དཔོན་སྦེ་ ཕྱག་ཞུ་བའི་ཉམས་མྱོང་ཡོདཔ་ལས་ ད་ལས་ཕར་འབད་རུང་ རྫོང་ཁག་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ ལཱ་འབད་ནི་ཨིནམ་མ་ཚད་ མི་སྡེ་གོང་འཕེལ་གྱི་དོན་ལུ་ ལཱ་འབད་ཐོག་ལས་ རྩ་བ་གསུམ་ལུ་ ཕྱག་ཞུ་ནི་ཨིན།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *