ཁྱེད་རའི་ རྒྱལ་ཡོངས་ཚོགས་འདུའི་ འདེམས་ངོ་ཤེས་དགོཔ།

བསམ་རྩེ་ ཕུན་ཚོགས་དཔལ་རི་-བསམ་རྩེ།

ཀ་མཱལ་ དཱན་ ཅམ་གླིང་།
སྐྱེས་ལོ་༥༨ །
ཉམས་མྱོང་ ལོ་ངོ་༡༥ འི་རིང་ ནགས་ཚལ་ལས་ཁུངས་དང་ རང་བཞིན་གནས་སྟངས་གྲོས་སྟོན་པ།
ཤེས་ཚད་ ནགས་ཚལ་ནང་ མཐོ་རིམ་གོང་མ།

ཁྱོད་རའི་སྐོར་ལས་ ཚིག་ཐེངས་༣ སླབ?
ཕྲང་མི་དང་ ཕར་ལོགས་མའི་སྐོར་ ཧ་གོ་མི་ ཁྱད་རིག་ཅན།

ཁྱོད་རའི་འདེམས་ཁོངས་ནང་ གཙོ་རིམ་ག་ཅི་བཟུང་ནི་སྨོ?
བསམ་རྩེ་རྫོང་ཁག་དེ་ ཧེ་མ་བཟུམ་སྦེ་ ལོག་སྟེ་ར་ ལེགས་ཤོམ་བཟོ་སྟེ་ གོང་འཕེལ་གྱི་ལཱ་ཚུ་འབད་དགོཔ་ཡོད།

ད་རེས་ཀྱི་བཙག་འཐུ་ནང་ ཁྱོད་ཀྱིས་དགའ་མི་དང་ མ་དགའ་མི་རེ་སླབ?
དགའ་མི་དེ་ དུས་ཡུན་སྐར་མ་༢༠ འི་རིང་ རང་གི་ཁ་སྐད་ཐོག་ལས་ མི་ཚུ་ལུ་ སླབ་ནིའི་གོ་སྐབས་ཐོབ་མི་དང་ མ་དགའ་མི་དེ་ སྤྱི་འོག་ནང་ལས་ཕར་ མི་གྱངས་ཁ་ཆོདཔ་ཅིག་ལས་ བཅའ་མར་གཏོགས་མི་མ་ཐོན།

ཁྱོད་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་དོན་ལུ་ གདོན་ལེན་སྦོམ་ཤོས་ར་ ག་ཅི་འདུག?
དམངས་གཙོའི་རིང་ལུགས་སྐོར་ལས་ མི་ཚུ་གིས་ ལེགས་ཤོམ་སྦེ་ ཧ་གོ་དགོཔ་འདུག་ མི་ཚུ་ཚོགས་རྒྱན་བཙུགས་ནིའི་དོན་ལུ་ འཇམ་ཏོང་ཏོ་སྦེ་ སེམས་ལྷུ་ཚུགས་པས།

མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་བཙུགས་དགོ་པའི་ གནད་དོན་གསུམ་སླབ?
ང་ར་ གཞུང་དང་སྒེར་སྡེ་གཉིས་ཆ་རའི་ནང་ ལཱ་གི་ཉམས་མྱོང་ཡོད་པའི་ཁར་ ཤེས་ཚད་ལེགས་ཤོམ་ཡོདཔ་ལས་ ག་ཅི་ནང་ གཙོ་རིམ་བཟུང་དགོཔ་ཨིན་ན་ཚུ་ཤེས་ དེ་ལས་ ང་ར་ མི་རིག་པ་ཅན་ཨིན།

ཁྱོད་ར་ རྒྱལ་ཁ་འཐོབ་པ་ཅིན་ འགོ་དང་པ་ར་ ག་ཅི་འབད་ནི་སྨོ?
ཚོགས་རྒྱན་བཙུགས་མི་ཚུ་ལུ་ བཀྲིན་བསམ་སྟེ་ ཕྱད་པར་འགྱོ་ནི་ དེ་ལས་ ཁོང་གི་རེ་འདོད་ལྟར་འགྲུབ་ཚུགས་འབད་ནིའི་ བློ་གཏད་ཚུགསཔ་བཟོ་ནི།

མི་སྡེ་བརྡ་བརྒྱུད་ བཙག་འཐུ་ནང་ ཕན་གནོད་ག་དེ་སྦེ་འདུག?
ཞབས་ཏོག་དེ་གིས་ རང་ལུ་ཕན་ཐོགས་པའི་ཁར་ དེ་གིས་ གནོད་པ་ཡང་འབད་ཚུགས་པའི་ ནུས་པ་སྦོམ་འདུག།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *