ཁྱེད་རའི་ རྒྱལ་ཡོངས་ཚོགས་འདུའི་ འདེམས་ངོ་ཤེས་དགོཔ།

བསམ་རྩེ་ ཕུན་ཚོགས་དཔལ་རི་-བསམ་རྩེ།

གཱ་ནིཤ་ གི་མི་རེ།
སྐྱེས་ལོ་༤༩ །
ཉམས་མྱོང་ ཚོང་འབྲེལ་པ།
ཤེས་ཚད་ རྒྱལ་སྤྱི་བཟའ་ཁང་དང་ལྟ་བཤལ་འཛིན་སྐྱོང་ནང་ མཐོ་རིམ་གོང་མ།

ཁྱོད་རའི་སྐོར་ལས་ ཚིག་ཐེངས་༣ སླབ?
ལཱ་རྩ་འགེངས་འབད་མི་དང་ རྩོན་འགྲུས་ཅན་ དེ་ལས་ བློ་གཏད་ཚུགསཔ།

ཁྱོད་རའི་འདེམས་ཁོངས་ནང་ གཙོ་རིམ་ག་ཅི་བཟུང་ནི་སྨོ?
དབུལ་ཕོངས་མར་ཕབ་འབད་ནི་ ཡོདཔ་དང་མེད་པའི་བར་ན་ ཁྱད་པར་ཉུང་སུ་བཟོ་ནི།

ད་རེས་ཀྱི་བཙག་འཐུ་ནང་ལས་ ཁྱོད་ཀྱིས་དགའ་མི་དང་ མ་དགའ་མི་རེ་སླབ?
དགའ་མི་དེ་ སྤྱིར་བཏང་འཛོམས་སྐབས་ གཡུས་སྐད་ནང་ སྐར་མ་༢༠ གི་རིང་ བློ་སླབ་ནིའི་གོ་སྐབས་བྱིན་མི་དེ་ མ་དགའ་མི་དེ་ སྒོ་བཤལ་སྐུལ་བསྒྲགས་སྐབས་ མི་སྤུངས་འཛོམས་འབད་མ་ཆོག་མི།

ཁྱོད་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་དོན་ལུ་ གདོང་ལེན་སྦོམ་ཤོས་ར་ ག་ཅི་འདུག?
ན་གཞོན་ལཱ་གཡོག་མ་འཐོབ་མིའི་དཀའ་ངལ་དེ་ ངེས་པར་དུ་འདུག།

ཁྱོད་ར་ རྒྱལ་ཁ་འཐོབ་པ་ཅིན་ འགོ་དང་པ་ར་ ག་ཅི་འབད་ནི་སྨོ?
གཡུས་ཚན་ག་ར་ སོ་ནམ་ཞིང་ལམ་གྱིས་མཐུད་སྦྲེལ་འབད་དེ་ སྣུམ་འཁོར་ཆེ་བ་དང་ཆུང་བ་གཉིས་ཆ་ར་གིས་ གནམ་བྱཱར་དགུན་མེད་པར་ ལག་ལེན་འཐབ་བཏུབ་པའི་ འཁོར་ལམ་བསལ་ནི།

མི་སྡེ་བརྡ་བརྒྱུད་ བཙག་འཐུ་ནང་ ཕན་གནོད་ག་དེ་སྦེ་འདུག?
བརྡ་དོན་སྤྲོད་ནིའི་ནང་ ཕན་ཐོགས་ཡོད་པའི་ཁར་ དེ་གིས་ བརྡ་དོན་ཕྱི་འགྱུར་ཡང་ སྤྲོད་ནི་འདུག།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *