རྩི་རང་ གསེར་གྱི་ཐང་- རྩི་རང་སྟོད།
གར་ཇ་མཱན་རའི།
སྐྱེས་ལོ་༣༥།
ཉམས་མྱོང་ སྒེར་སྡེ་ནང་ བརྡ་དོན་འཕྲུག་རིག་འགོ་དཔོན་དང་ ཚོང་འབྲེལ་འགོ་དཔོན་སྦེ་ ལོ་༦ ལཱ་འབད་ཡོདཔ།
ཤེས་ཚད་ བརྡ་དོན་འཕྲུལ་རིག་ནང་ མཐོ་རིམ་ཤེས་ཡོན།
ད་རའི་སྐོར་ལས་ ཚིག་ཐེངས་༣ སླབ?
དད་དམ་ཅན་དང་ ཉམ་ཆུང་ བཅར་ངོ་བདེ་བ/ཕྲང་ཏང་ཏ།
ཁྱོད་རའི་འདེམས་ཁོངས་ནང་ གཙོ་རིམ་ག་ཅི་བཟུང་ནི?
འཁོར་ལམ་དང་ འཐུང་ཆུ་ ཞིང་ཆུ་ དེ་ལས་ སོ་ནམ་ཚུ་ལུ་ གཙོ་རིམ་བཟུང་ནི།
ད་རེས་ཀྱི་ བཙག་འཐུ་ནང་ལས་ ཁྱོད་ཀྱིས་དགའ་མི་དང་ མ་དགའ་མི་རེ་སླབ?
འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ཀྱི་ མཐུན་རྐྱེན་བཟོ་མི་ལུ་དགའ་བས། མ་དགའ་མི་ ག་ནི་ཡང་མེད།
ཁྱོད་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་དོན་ལུ་ གདོང་ལེན་སྦོམ་ཤོས་ར་ ག་ཅི་འདུག?
ན་གཞོན་གྱི་ལཱ་གཡོག།
མི་སེར་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་བཙུགས་དགོ་པའི་ གནད་དོན་གསུམ་སླབ?
ང་བཅས་ཀྱི་ དམིགས་ཡུལ་དེ་ ཡོདཔ་དང་མེད་པའི་བར་ན་ ཁྱད་པར་ཉུང་སུ་བཟོ་ནི་འདི་ཨིན།
གཙོ་འཛིན་གྱིས་ འོང་འབབ་ཆུང་མི་དང་ མཐའ་ཟུར་གྱི་ གནས་སྟངས་ཚུ་གི་སྐོར་ལས་ མིག་མཐོང་ལག་བཟུང་སྦེ་ར་ ཤེསཔ་ཨིན། ང་ར་ ཕམ་ཉམ་ཆུང་གི་ བུཚ་འབདཝ་ལས་ གྲོང་གསེབ་ནང་དགོ་མི་ཚུ་ ང་གིས་ཧ་གོ།
ཁྱོད་ར་ རྒྱལ་ཁ་འཐོབ་པ་ཅིན་ འགོ་དང་པ་ར་ ག་ཅི་འབད་ནི་སྨོ?
མི་སེར་གྱི་ དཀའ་ངལ་དང་ དགོས་མཁོ་ཚུ་ གྲོས་བསྡུར་འབད་དེ་ སེལ་ཐབས་སྒྲིག་ནི།
མི་སྡེ་བརྡ་བརྒྱུད་དེ་ བཙག་འཐུ་ནང་ ཕན་གནོད་ག་དེ་སྦེ་འདུག?
ཕན་གནོད་༢ ཆ་ར་འདུག།