ཁྱེད་རའི་ རྒྱལ་ཡོངས་ཚོགས་འདུའི་ འདེམས་ངོ་ཤེས་དགོཔ།

རྩི་་རང་ དཀྱིལ་འཁོར་ཐང་- མཎྜལ་སྒང་།


བི་མཱལ་ཐ་པ།
སྐྱེས་ལོ་༣༢།
ཉམས་མྱོང་ ཤེས་ཡོན་ཅན་གྱི་ སོ་ནམ་པ་དང་ ཚོང་འབྲེལ་བ།
ཤེས་ཚད་ བརྡ་དོན་འཕྲུག་རིག་ནང་ མཐོ་རིམ་ཤེས་ཡོན།

ཁྱོད་རའི་སྐོར་ལས་ ཚིག་ཐེངས་༣ སླབ?
ལཱ་རྩ་འགེངས་སྟེ་འབད་མི་དང་ སྤྲོ་བ་བསྐྱེད་མི་ ལེགས་ཤོམ་སྦེ་ ངོས་ལེན་འབད་མི།

ཁྱོད་རའི་འདེམས་ཁོངས་ནང་ གཙོ་རིམ་ག་ཅི་བཟུང་ནི?
ང་གིས་ སྤྱི་ལོ་༢༠༢༣ གྱི་ཧེ་མར་ ངེ་གི་འདེམས་ཁོངས་ནང་ གཞི་རྟེན་མཁོ་ཆས་ག་ར་ གཞི་བཙུགས་འབད་ནི། འོང་འབབ་ཆུང་བའི་ མི་སེར་ཚུ་ལུ་ ཡུན་བརྟན་གྱི་ ཐོན་སྐྱེད་བཟོ་ཐོག་ལས་ བཟའ་ཚང་གི་ འོང་འབབ་བཟོ་ནི་ལུ་ ལྷན་ཐབས་འབད་ནི།

ད་རེས་ཀྱི་ བཙག་འཐུ་ནང་ལས་ ཁྱོད་ཀྱིས་དགའ་མི་དང་ མ་དགའ་མི་རེ་སླབ?
ད་ལྟོ་ འགོ་འདྲེན་འཐབ་བཞིན་དུ་ཡོད་མི་ བཙག་འཐུའི་བྱ་རིམ་ལུ་ མ་དགའཝ་ག་ནི་ཡང་མེད་རུང་ འཕྲལ་ཁམས་ཅིག་ཁར་ བཙག་འཐུ་ལྷན་ཚོགས་ཀྱིས་ ང་བཅས་རའི་ ཁ་སྐད་ནང་ གསལ་བཤད་འབད་བཅུག་མི་ལུ་དགའ་བས། མི་སེར་མངམ་གིས་ འབྲུག་མཉམ་རུབ་ཚོགས་པའི་སྐོར་ལས་ ཧ་གོ་བའི་རེ་བ་ཡོདཔ།

ཁྱོད་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་དོན་ལུ་ གདོང་ལེན་སྦོམ་ཤོས་ར་ ག་ཅི་འདུག?
རྒྱལ་ཁབ་ནང་ གདོང་ལེན་ཆེ་ཤོས་ར་ ད་ལྟོའི་ ན་གཞོན་གྱི་གནས་སྟངས་དེ་ཨིནམ་ད་ ལཱ་གཡོག་དང་ སྨྱོས་རྫས་ལག་ལེན་གྱི་ དཀའ་ངལ་སེལ་ནི་ཚུ་ཨིན་པས།

མི་སེར་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་བཙུགས་དགོ་པའི་ གནད་དོན་གསུམ་སླབ?
ང་གིས་ གཡུས་ཁའི་ དཀའ་ངལ་ཚུ་ ལེགས་ཤོམ་སྦེ་ ཧ་གོ་ཚུགསཔ་ལས་ རྒྱབ་སྐྱོར་འབད་ཚུགས་ནི་དང་ ང་ར་ ན་གཞོན་ཅིག་འབདཝ་ལས་ རྒྱལ་ཁབ་ལུ་ ཕྱག་ལེགས་ཤོམ་སྦེ་ ཞུ་ནིའི་དོན་ལུ་ སྲིད་ཀྱི་སྐོར་ལས་ ལྷབ་ཚུགས་མི་ཨིན་པའི་ཁར་ ལཱ་ཐེབས་འབད་ཚུགས།

ཁྱོད་ར་ རྒྱལ་ཁ་འཐོབ་པ་ཅིན་ འགོ་དང་པ་ར་ ག་ཅི་འབད་ནི་སྨོ?
མི་སེར་ཚུ་ལུ་ དང་པ་ར་ བཀྲིན་བསམ་ནི།

མི་སྡེ་བརྡ་བརྒྱུད་དེ་ བཙག་འཐུ་ནང་ ཕན་གནོད་ག་དེ་སྦེ་འདུག?
མི་སྡེ་བརྡ་བརྒྱུད་དེ་ བསམ་འཆར་སྤེལ་ནིའི་ནང་ ཕན་ཐོགས་འདུག།

About admin

Check Also

འཇོན་ཐངས་ཅན་གྱི་ མི་མང་སྐྱེལ་འདྲེན་དང་ ཞབས་ཏོག་མཁོ་སྤྲོད་འབད་དོ་ཡོདཔ།

༉ ནད་ཡམས་ལུ་བརྟེན་ ལམ་འགྲུལ་དང་སྐྱེལ་འདྲེན་དབང་འཛིན་གྱིས་ ཞབས་ཏོག་ཚུ་མང་ཤོས་ར་ ཡོངས་འབྲེལ་ཐོག་ལས་ ལག་ལེན་འཐབ་པའི་ཁར་ འཇོན་ཐངས་ཅན་སྦེ་ མཁོ་སྤྲོད་འབད་དོ་ཡོདཔ་ཨིན་པས། སྐྱེལ་འདྲེན་ཞབས་ཏོག་དེ་ཡང་ གཙོ་བོ་ར་ མི་སྡེའི་དཔལ་འབྱོར་གོང་འཕེལ་གཏང་ནི་ཨིནམ་ལས་ ལམ་འགྲུལ་དང་སྐྱེལ་འདྲེན་དབང་འཛིན་གྱིས་ དམིགས་དོན་གལ་གནད་ཅན་ཅིག་སྦེ་ ངོས་འཛིན་འབད་ཡོདཔ་ཨིན་པས། དབང་འཛིན་དང་འཁྲིལ་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *