ཁྱེད་རའི་ རྒྱལ་ཡོངས་ཚོགས་འདུའི་ འདེམས་ངོ་ཤེས་དགོཔ།

བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་- མར་ཚ་ལ།

ནོར་བུ་དབང་འཛོམས།
སྐྱེས་ལོ་༣༨།
ཉམས་མྱོང་ སྤྱི་ཚོགས་ཀྱི་འཐུས་མི་སྦེ་ ཕྱག་ཞུ་ཡི།
ཤེས་ཚད་ ཚན་རིག་ནང་ མཐོ་རིམ་སློབ་གྲྭ།

ཁྱོད་རའི་སྐོར་ལས་ ཚིག་ཐེངས་༣ སླབ?
ཉམ་ཆུང་དང་ འཆམ་ཏོག་ཏོ་ དེ་ལས་ བྱམས་བརྩེ་ཅན།

ཁྱོད་རའི་འདེམས་ཁོངས་ནང་ གཙོ་རིམ་ག་ཅི་བཟུང་ནི?
འཁོར་ལམ་དང་ འཐུང་ཆུ་ ཤེས་རིག་ གློག་མེ་དང་ གསོ་བའི་ཞབས་ཏོག་ཚུ་ གོང་འཕེལ་གཏང་ནི་དང་ འདས་པའི་ལོ་དག་པ་ཅིག་ནང་ སྒོ་བསྡམས་མི་སློབ་གྲྭ་ཚུ་ ལོག་སྒོ་ཕྱེ་ནི།

ད་རེས་ཀྱི་བཙག་འཐུ་ནང་ལས་ ཁྱོད་ཀྱིས་དགའ་མི་དང་ མ་དགའ་མི་རེ་སླབ?
དགའ་མི་དེ་ དམངས་གཙོའི་རིང་ལུགས་ནང་ མི་སེར་ཚུ་གི་ འབྲེལ་གཏོགས་ཡར་དྲག་སོང་མི་དང་ མ་དགའ་མི་དེ་ མ་བདེན་པའི་གཏམ་སླབ་མི་དང་ སྲིད་དོན་ཚོགས་པ་ཚུ་གི་བར་ན་ མ་འགྲིགཔ་བཟོ་མི་ དེ་ལས་ སྲིད་ཚོགས་ནང་ བཅའ་མར་གཏོགས་མི་ ཨམ་སྲུ་ལེ་ཤ་མེད་མི་དེ་ཨིན།

ཁྱོད་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་དོན་ལུ་ གདོང་ལེན་སྦོམ་ཤོས་ར་ ག་ཅི་འདུག?
གཅིག་སྒྲིལ་དང་ རྩ་བརྟན་དེ་ཨིན།

མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་བཙུགས་དགོ་པའི་ གནད་དོན་གསུམ་སླབ་?
མི་ཚུ་དང་གཅིག་ཁར་སྡོད་དེ་ གནད་དོན་ཚུ་ལུ་ གྲོས་བསྟན་འབད་ནིའི་ནང་ ལྕོགས་གྲུབ་དང་ བརྩོན་འགྲུས་ཅན་ཡོད་མི་ལུ་བརྟེན་ཨིན།

ཁྱོད་ར་ རྒྱལ་ཁ་འཐོབ་པ་ཅིན་ འགོ་དང་པ་ར་ ག་ཅི་འབད་ནི་སྨོ?
འདེམས་ཁོངས་ཀྱི་ མི་ཚུ་དང་གཅིག་ཁར་ གྲོས་བསྟུན་ཐོག་ གོང་འཕེལ་གྱི་ལས་སྣ་ཚུ་ལུ་ གཙོ་རིམ་བཟུང་སྟེ་ ལཱ་འགོ་བཙུགས་ནི།

མི་སྡེ་བརྡ་བརྒྱུད་ བཙག་འཐུ་ནང་ ཕན་གནོད་ག་དེ་སྦེ་འདུག?
ང་ལུ་ མི་སྡེ་བརྡ་བརྒྱུད་ ཕན་གནོད་༢ ཆ་ར་ཡོད་མི་དེ་ཡང་ མི་སེར་ཚུ་ལུ་ གོ་བརྡ་སྤྲོད་ནིའི་ནང་ ཕན་ཐོགས་ཡོད་རུང་ ཚུལ་མིན་ཐོག་ ལག་ལེན་འཐབ་སྟེ་ བདེན་ཁུངས་མེད་པའི་ གནས་ཚུལ་ཁྱབ་སྤེལ་འབད་ཐོག་ལས་ མི་སེར་ཚུ་ མ་འགྲིགཔ་བཟོཝ་མས།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *