ཁྱེད་རའི་ རྒྱལ་ཡོངས་ཚོགས་འདུའི་ འདེམས་ངོ་ཤེས་དགོཔ།

སྤ་རོ་ ལམ་གོང་- ཝང་ཅ།

ཕུརཔ་ཚེ་རིང་།
སྐྱེས་ལོ་༣༩།
ཉམས་མྱོང་ རྫོང་ཁག་ཚོགས་འདུའི་ཁྲི་འཛིན་དང་ ལམ་གོང་རྒཔོ་བགྲེསཔ།
ཤེས་ཚད་ དཔལ་འབྱོར་ནང་ མཐོ་རིམ་སློབ་གྲྭ།

ཁྱོད་རའི་སྐོར་ལས་ ཚིག་ཐེངས་༣ སླབ?
དྲང་པོ་དང་ ཉམ་ཆུང་ དེ་ལས་ འབྲེལ་བ་འཐབ་ངོ་བདེ་དྲགས།

ཁྱོད་རའི་འདེམས་ཁོངས་ནང་ གཙོ་རིམ་ག་ཅི་བཟུང་ནི?
ཉེན་སྲུང་དང་ལྡན་པའི་འཐུང་ཆུ་དང་ ཞིང་ཆུ་བཀྲམ་སྤེལ་འབད་ནི་ དེ་ལས་ འཁོར་ལམ་རྩི་ནག་གཏང་ནི་ཚུ་ འདེམས་ཁོངས་ནང་ གཙོ་རིམ་ཅན་གྱི་ ལས་སྣ་ཨིན།
ད་རེས་ཀྱི་ བཙག་འཐུ་ནང་ལས་ ཁྱོད་ཀྱིས་དགའ་མི་དང་ མ་དགའ་མི་རེ་སླབ?

ལས་སྣ་ག་ཅི་བཟུམ་ ལག་ལེན་འཐབ་རུང་ མི་སེར་ཚུ་ བྱ་རིམ་ནང་ གཙོ་བོར་བཟུང་སྟེ་ ལག་ལེན་འཐབ་ནི་ཨིན་མི་དེ་དགའ་བས། མ་བདེན་པའི་འཐོར་གཏམ་ དར་ཁྱབ་གཏང་མི་དང་ བཙག་འཐུའི་སྐབས་ གནས་ཚུལ་འདྲ་སྨིན་གོཝ་ད་ མི་ལ་ལོ་གིས་ རང་སོའི་བརྩི་མཐོང་ཚུ་ བརྗེད་བརྫུ་བཏབ་མི་དེ་ མི་དགའ་བས།

ཁྱོད་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་དོན་ལུ་ གདོང་ལེན་སྦོམ་ཤོས་ར་ག་ཅི་འདུག?
ད་རེས་བཟུམ་མའི་ དུས་ཚོད་ནང་ སྲིད་དོན་ཚོགས་པ་ཚུ་ལུ་ བསམ་འཆར་་དང་ མནོ་ཐངས་མ་འདྲཝ་ཡོད་མི་ལུ་བརྟེན་ ལུང་ཕྱོགས་ལུ་ གཞི་བཞག་སྟེ་ ཆགས་སྡང་ཕྱོགས་རིས་དང་ དབྱེ་བ་ཕྱེ་ཐོག་ལས་ མི་སྡེའི་ཆིག་སྒྲིལ་མེདཔ་འགྱོ་ནི་གི་ ཉེན་ཁ་ཡོད་མིདེ་ གདོང་ལེན་སྦོམ་ཅིག་སྦེ་མཐོངམ་མས།

མི་སེར་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་བཙུགས་དགོ་པའི་ གནད་དོན་གསུམ་སླབ?
ང་ེ་གི་ཉམས་མྱོང་ལས་བརྟེན་ སྤ་རོ་ལུ་ཡོད་མི་ གནད་དོན་ཚུ་ག་ར་ ཧ་གོ་སྟེ་ཡོད། ང་གིས་ གྲོང་གཡུས་གནས་རིམ་ནང་ལས་ཡ་ ལཱ་འབད་ཡོདཔ་ལས་ གནས་སྟངས་ཚུ་ག་ར་ ལེགས་ཤོམ་སྦེ་ཤེས། ང་ར་ ལཱ་བརྩོན་ཤུགས་བསྐྱེད་དེ་ འབད་མི་ཅིག་ཨིནམ་ལས་ ཁ་དང་ལགཔ་ རྟགས་མཐུན་སྦེ་ར་ འབད་ཚུགས་མི་ཅིག་ཨིན།

ཁྱོད་རྒྱལ་ཁ་འཐོབ་པ་ཅིན་ འགོ་དང་པ་ར་ ག་ཅི་འབད་ནི་སྨོ?
སྲིད་་དོན་གྱི་ གནད་དོན་ཚུ་ ལོགས་སུ་སྦེ་བཞག་སྟེ་ ང་གིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ དམིགས་ཡུལ་འགྲུབ་ནིའི་ནང་ ག་ར་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལཱ་འབད་འོང་། སྲིད་ཚོགས་ག་རྒྱལ་ཁ་འཐོབ་རུང་ འདེམས་ངོ་དེ་ འདེམས་ཁོངས་ནང་གི་ མི་སེར་ཡོངས་ཀྱིས་ བཙག་འཐུ་འབད་ཡོདཔ་ལས་ མི་སེར་དང་ ལཱ་འབད་དེ་ སྤྱིར་བཏང་གི་ དཀའ་ངལ་ཚུ་སེལ་ནི།

མི་སྡེ་བརྡ་བརྒྱུད་དེ་ བཙག་འཐུ་ནང་ ཕན་གནོད་ག་དེ་སྦེ་འདུག?
ང་གིས་ བལྟ་བ་ཅིན ཕན་པ་དང་ གནོད་པ་གཉིས་ར་འདུག གནོད་པ་དེ་ མ་བདེན་པའི་འཐོར་གཏམ་དང་ བརྡ་འཕྲིན་ཚུ་ དར་ཁྱབ་བཏང་མི་དེ་ཨིནམ་ད་ ལེགས་ཤོམ་དེ་ མི་ཚུ་གིས་ འདེམས་ངོའི་ ཁས་བླངས་གསལ་བསྒྲགས་དང་ ཁས་བླངས་ཚུ་ ཤེས་ཚུགས་པས།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *