ཁྱེད་རའི་ རྒྱལ་ཡོངས་ཚོགས་འདུའི་ འདེམས་ངོ་ཤེས་དགོཔ།

པདྨ་དགའ་ཚལ་ ངང་ལམ།

ཀརྨ་རྡོ་རྗེ།
སྐྱེས་ལོ་༤༢།
ཉམས་མྱོང་ འབྲུག་མཉམ་རུབ་ཚོགས་པ་ གཞི་བཙུགས་འབད་མི་ ཨི་འབྲུག་གྲོས་སྟོན་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ འབྲུག་བརྒྱུད་འཕྲིན་གྱི་ བཟོ་རིག་འགོ་དཔོན་སྦེ་ ཕྱག་ཞུ་ཡི།

ཁྱོད་རའི་སྐོར་ལས་ ཚིག་ཐེངས་༣ སླབ?
བརྩོན་ཤུགས་ཅན་དང་ ཚོར་དྲག་ཅན་ མནོ་ཤེས་ཅན།

ཁྱོད་རའི་འདེམས་ཁོངས་ནང་ གཙོ་རིམ་ག་ཅི་བཟུང་ནི?
གསོ་བའི་ཞབས་ཏོག་དང་ སོ་ནམ་གོང་འཕེལ་ལས་འགུལ་ སློབ་རིམ་༡༠ པ་ལས་ མཐར་མ་འཁྱོལ་མི་ཚུ་ ལོག་འཕྲོ་མཐུད་དཔེ་ཆ་ལྷབ་ཚུགསཔ་བཟོ་ནི་ དེ་ལས་ ཁོང་ལུ་ ལཱ་གཡོག་དང་ སྦྱོང་བརྡར་ལ་སོགས་པ་ཚུ་བྱིན་ནི།

ད་རེས་ཀྱི་བཙག་འཐུ་ནང་ལས་ ཁྱོད་ཀྱིས་དགའ་མི་དང་མ་དགའ་མི་རེ་སླབ?
མ་དགའ་མི་དེ་ རང་སོའི་ཁས་བླངས་ལུ་ གཙོ་རིམ་མ་བཟུང་པར་ སྐྱོན་བརྗོད་འབད་མི་དང་ མ་བདེན་པའི་གཏམ་འདྲ་མིན་སླབ་ཐོག་ལས་ མི་སེར་ཚུ་ལུ་ གོ་བ་བརྡ་ལོག་སྤྲོད་མི། དགའ་མི་དེ་ གོང་འཕེལ་ལ་སོགས་པའི་ ལཱ་འབད་ནིའི་དོན་ལུ་ ཐབས་ལམ་༡ མེན་པར་ ལེ་ཤ་ཡོདཔ་སྦེ་ ཁས་ལེན་འབད་མི་དེ་ཨིན།

ཁྱོད་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་དོན་ལུ་ གདོང་ལེན་སྦོམ་ཤོས་ར་ག་ཅི་འདུག?
བཙག་འཐུའི་ཐད་ཁར་ བཙག་འཐུའི་རིམ་པ་ཚུ་གི་ ཤེས་ཡོན་སྤྲོད་ཐོག་ལས་ ཞིབ་དཔྱད་འབད་དེ་ གྲོས་ཐག་བཅད་ནི་མེན་པར་ རང་སོའི་ཁེ་ཕན་ལུ་བལྟ་སྟེ་ བདེན་ཁུངས་མེད་པའི་ གཏམ་ལ་སོགས་པ་ཚུ་སླབ་མི་ ཤེས་ཡོན་ལྡན་པའི་ ཚོགས་རྒྱན་བཙུགས་མི་ ཉུང་སུ་ཡོད་པའི་ཁར་ མི་སེར་ཚུ་ འཇམ་ཏོང་ཏོ་སྦེ་ གཞན་གྱི་དབང་དུ་ཐལ་མི་དེ་ཨིན།

མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་བཙུགས་དགོ་པའི་ གནད་དོན་གསུམ་སླབ?
མི་ཚུ་གིས་ ཧེ་མ་ལས་གྲུབ་ཚར་མི་ ཁས་བླངས་ཚུ་ལུ་བརྟེན་མ་སྡོད་པར་ ལཱ་ཚུ་འགྱོ་མ་བཏུབ་པའི་བསྒང་ལས་ བསྒྱུར་བཅོས་འབད་དགོཔ་དང་ ངང་ལམ་ལུ་ གོང་འཕེལ་དགོ་པ་ཅིན་ ངང་ལམ་ལས་ རྒྱལ་ཁ་འཐོབ་དགོ་ དེ་གི་དོན་ལུ་ ལྡོག་ཕྱོགས་མེན་པར་ གཞུང་སྐྱོང་འབད་དགོཔ་ལས་ འབྲུག་མཉམ་རུབ་ཚོགས་པ་གིས་ གཞུང་སྐྱོང་འཐོབ་མ་ཚུགས་པའི་ དོགས་པ་མེད། ང་ར་ འདེམས་ངོ་ལྕོགས་གྲུབ་ཅན་ འདེམས་ཁོངས་ནང་ འགྱུར་བ་འབག་ཚུགས་ནི་དང་ ཕྱག་ཞུ་ཚུགས་པའི་ འོས་འབབ་ཡོད་མི་ལུ་བརྟེན་ཨིན།

ཁྱོད་ར་རྒྱལ་ཁ་འཐོབ་པ་ཅིན་ འགོ་དང་པ་ར་ ག་ཅི་འབད་ནི་སྨོ?
བཙག་འཐུའི་སྐབས་ སྲིད་ཚོགས་དང་འདེམས་ངོ་ རྒྱབ་སྐྱོར་པ་ཚུ་གི་བར་ན་བྱུང་མི་ཚུ་ འཆམ་ཁ་བཟོ་སྟེ་ བཅོ་ཁ་རྐྱབ་ཐོག་ལས་ གཅིག་སྒྲིལ་བཟོ་ནི་ རྒྱལ་ཁབ་དང་ མི་སེར་ཚུ་ལུ་ ཕན་ཐོགས་ཡོད་པ་ཅིན་ ཚོགས་པ་གཞན་གྱི་ ཁས་བླངས་ཚུ་གུ་ཡང་ ལཱ་འབད་ནི་ དེ་ལས་ ང་རའི་ཁས་བླངས་ཚུ་ འགྲུབ་ཚུགསཔ་འབད་ནི།

མི་སྡེ་བརྡ་བརྒྱུད་ བཙག་འཐུ་ནང་ ཕན་གནོད་ག་དེ་སྦེ་འདུག?
མི་སྡེ་བརྡ་བརྒྱུད་དེ་ ང་གིས་ ལག་ལེན་འཐབ་ཡོད་མིའི་ གོ་སྐབས་ལེགས་ཤོམ་ཅིག་ཨིནམ་ལས་ ཚུལ་མཐུན་ཐོག་ ལག་ལེན་འཐབ་ཡོད་མི་ལུ་བརྟེན་ ང་ལུ་ ཕན་ཐོགས་འདུག།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *