ཁྱེད་རའི་ རྒྱལ་ཡོངས་ཚོགས་འདུའི་ འདེམས་ངོ་ཤེས་དགོཔ།

མོང་སྒར་ དགྲ་མེད་རྩེ་- སྔ་ཚང།

འཇིགས་མེད་རྡོ་རྗེ།
སྐྱེས་ལོ་༤༩ །
ཉམས་མྱོང་ ཤེས་རིག་གྲོས་སྟོན་པ་དང་ ཞིབ་འཚོལ་པ་ དེ་ལས་ སློབ་སྟོན་པ།
ཤེས་ཚད་ ཤེས་རིག་གཙུག་ལག་འཛིན་སྐྱོང་མཐོ་རིམ་སློབ་གྲྭ་དང་ སློབ་དཔོན་སློབ་སྦྱོང་གཙུག་ལག་གཞི་རིམ།

ཁྱོད་རའི་སྐོར་ལས་ ཚིག་ཐེངས་༣ སླབ?
ཤ་ཚ་ཏོག་ཏོ་སྦེ་ འབད་མི་ཅིག་ཨིན།

ཁྱོད་རའི་འདེམས་ཁོངས་ནང་ གཙོ་རིམ་ག་ཅི་བཟུང་ནི?
ལམ་སྲོལ་ལུ་ བརྩི་མཐོང་བསྐྱེད་དེ་ ཡར་དྲག་གཏང་ནི་ལུ་ གཙོ་རིམ་བཟུང་ནི་ཨིན། དེ་ཡང་ དགའ་སྐྱིད་དང་ལྡན་པའི་མི་སྡེ་དེ་ གཅིག་མཐུན་དང་ མཉམ་འབྲེལ་ཐོག་ལུ་ ཞབས་ཏོག་ཞུ་ནི་ཨིན།

ད་རེས་ཀྱི་བཙག་འཐུ་ནང་ལས་ ཁྱོད་ཀྱིས་དགའ་མི་དང་ མ་དགའ་མི་རེ་སླབ?
དགའཝ་དང་མ་དགའཝ་ག་ནི་ཡང་ མེད་མི་དེ་ཡང་ འབྲུག་རྒྱལ་ཁབ་ནང་ བཙག་འཐུ་དང་འབྲེལ་བའི་ ལས་རིམ་ཚུ་ འདྲ་མཉམ་དང་ དྲང་བདེན་ཐོག་ལུ་ འགྱོ་ནི་དེ་གིས་ཨིནམ་ལས་ ཚོགས་རྒྱན་ཚུ་ མི་ངོ་རང་སོའི་བདག་དབང་ཨིནམ་བཞིན་དུ་ གསང་བའི་ཚོགས་རྒྱན་བཙུགས་ནི་ལུ་ ག་ར་གིས་ འགན་ཁུར་ཧྲིལ་བུམ་འབག་མི་ལུ་བརྟེན་ཨིན།

ཁྱོད་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་དོན་ལུ་ གདོང་ལེན་སྦོམ་ཤོས་ར་ ག་ཅི་འདུག?
ག་ར་གཅིག་ཁར་འཛོམས་ཞིནམ་ལས་ གཅིག་མཐུན་ཐོག་ལུ་ དགའ་སྐྱིད་ལོངས་སྤྱོད་མ་ཚུགས་པའི་དཀའ་ངལ་དང་ གལ་སྲིད་ གཅིག་མཐུན་དང་ མཉམ་འབྲེལ་ཐོག་ འགན་འཁྲི་འབག་ཚུགས་པ་ཅིན་ རྒྱལ་ཁབ་ནང་ དགའ་སྐྱིད་དང་ལྡནམ་སྦེ་ སྡོད་མ་ཚུགསཔ་ཅིག་མ་མཐོང་།

མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་བཙུགས་དགོ་པའི་ གནད་དོན་གསུམ་སླབ?
སྐྱེས་ས་དང་སྦོམ་ས་ གཡུས་ཁར་ཨིནམ་མ་ཚད་ གཡུས་ཁ་ལུ་ ལཱ་ཡང་འབད་བའི་ཁར་ མི་སྡེ་ལུ་ཡང་ ཞབས་ཏོག་གང་དྲག་ཞུ་ནི་དེ་གིས་ཨིན། གནད་དོན་དེ་ལུ་བརྟེན་ མི་སེར་རང་སོའི་དཀའ་སྡུག་དང་ དགོཔ་ཚུ་ཡང་ རྩ་བ་ལས་ ཤེས་རྟོགས་ཡོདཔ་ལས་ མི་སྡེའི་དོན་ལུ་ འགན་འཁྲི་འབག་ཚུགས་མི་ ཁག་འབགཔ་བཟུམ་ཅིག་ཨིན།

ཁྱོད་ར་ རྒྱལ་ཁ་འཐོབ་པ་ཅིན་ འགོ་དང་པ་ར་ ག་ཅི་འབད་ནི་སྨོ?
མི་དབང་མཆོག་ལུ་ བཀྲིན་དགའ་ཚོར་ཞུ་དོན་ཡང་ དམངས་གཙོའི་རིང་ལུགས་དང་ སྲིད་དོན་ཚོགས་པའི་སྐོར་ སློབ་སྦྱོང་གནང་མི་ལུ་བརྟེན་ ད་རེས་ སྲིད་དོན་ཚོགས་པའི་ནང་ བཅའ་མར་གཏོགས་ཚུགས་ཅི། དེ་བཟུམ་སྦེ་ མི་སེར་དང་ ཕམ་སྤུན་ཆ་ཚུ་གིས་ རྒྱབ་སྐྱོར་འབད་མི་ལུ་བཀྲིན་ཆེ། རྒྱལ་ཁ་འཐོབ་པ་ཅིན་ འཆར་གཞི་ལས་སྣ་ཚུ་དང་ གཙོ་རིམ་ཚུ་ལུ་ གསུང་གྲོས་གནང་སྟེ་ ཕྱག་ཞུ་ནི།

མི་སྡེ་བརྡ་བརྒྱུད་ བཙག་འཐུ་ནང་ ཕན་གནོད་ག་དེ་སྦེ་འདུག?
མི་སྡེ་བརྡ་བརྒྱུད་ཀྱི་ བཙག་འཐུ་ནང་ ཕན་གནོད་གཉིས་ཆ་ར་འདུག།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *