ཁྱེད་རའི་ རྒྱལ་ཡོངས་ཚོགས་འདུའི་ འདེམས་ངོ་ཤེས་དགོཔ།

ལྷུན་རྩེ་ སྨན་སྦིས་- བཙན་མཁར།

 

ཆོས་སྐྱིད་རྒྱལ་མཚན།
སྐྱེས་ལོ་༥༢།
ཤེས་ཚད་ ཤེས་རིག་འགོ་ཁྲིད་དང་ འཛིན་སྐྱོང་ནང་ གཙུག་ལག་གོང་མ།
ཉམས་མྱོང་ ཞི་གཡོག་ནང་ ལོ་༢༧ ཕྱག་ཞུ་ཡོདཔ།

ཁྱོད་རའི་སྐོར་ལས་ ཚིག་ཐེངས་༣ སླབ?
ཕྲང་ཏང་ཏ་དང་ དད་དམ་ཅན་ དེ་ལས་ ལཱ་ལུ་ཤུགས་བཏོན་མི།

ཁྱོད་རའི་འདེམས་ཁོངས་ནང་ གཙོ་རིམ་ག་ཅི་བཟུང་ནི?
སྤྱི་འོག་དང་ རྒེད་འོག་གི་ འཁོར་ལམ་ཆ་མཉམ་ ཉམས་བཅོས་ཐོག་ ཡར་དྲག་གཏང་ནི་དང་ གཡུས་སྒོ་ཆ་མཉམ་ནང་ ལམ་གསརཔ་བཏོན་ནི།

ད་རེས་ཀྱི་བཙག་འཐུ་ནང་ལས་ ཁྱོད་ཀྱིས་དགའ་མི་དང་ མ་དགའ་མི་རེ་སླབ?
བཙག་འཐུ་འདི་ རང་མོས་དང་ རྣམ་དག་ཐོག་ འགོ་འདྲེན་འཐབ་མི་ལུ་དགའ་རུང་ གཞི་ཁུངས་མེད་པའི་ འཐོར་གཏམ་གོཝ་ད་ མི་དགའ་བས།

ཁྱོད་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་དོན་ལུ་ གདོང་ལེན་སྦོམ་ཤོས་ར་ ག་ཅི་འདུག?
རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་སྟངས།

མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་བཙུགས་དགོ་པའི་ གནད་དོན་གསུམ་སླབ?
འདེམས་ངོ་ཆ་མཉམ་ ཉམས་མྱོང་ཅན་དང་ ཁ་ལས་ཐོན་མི་དེ་ འགྲུབ་ཚུགས་མི་ དེ་ལས་ མི་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ཆོག་ཆོ།

ཁྱོད་ར་རྒྱལ་ཁ་འཐོབ་པ་ཅིན་ འགོ་དང་པ་ར་ ག་ཅི་འབད་ནི་སྨོ?
ཤིང་མཁར་དང་ སྒོར་གཱན་འཁོར་ལམ་བདའ་སྟེ་ རྒྱུན་འགྲུལ་འཐབ་ཚུགསཔ་བཟོ་ནི།

མི་སྡེ་བརྡ་བརྒྱུད་ བཙག་འཐུ་ནང་ ཕན་གནོད་ག་དེ་སྦེ་འདུག?
མི་སྡེ་བརྡ་བརྒྱུད་ ལེགས་ཤོམ་མཐོང་མི་འདི་ འདི་ནང་ ར་ཁུངས་དང་ལྡན་པའི་ ལོ་རྒྱུས་སླབ་མི་ཨིན་རུང་ མ་བདེན་པའི་གཏམ་ཚུ་ ཁྱབ་བསྒྲགས་འབད་དེ་ གཞན་ལུ་ ཁ་གཏངམ་མས།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *