ཁྱེད་རའི་ རྒྱལ་ཡོངས་ཚོགས་འདུའི་ འདེམས་ངོ་ཤེས་དགོཔ།

ཚེ་དབང་རིག་འཛིན།

སྐྱེས་ལོ་༤༡།

ཤེས་ཚད་ ཚོང་འབྲེལ་ནང་མཐོ་རིམ་སློབ་གྲྭ།

ཉམས་མྱོང་ གཞུང་དབང་ལས་སྡེ་ནང་ ལོ་༢ ཀྱི་ཉམས་མྱོང།

ཁྱོད་རའི་སྐོར་ལས་ ཚིག་ཐེངས་༣ སླབ?

བློ་འཇམ་ཏོང་ཏོ་སླབ་མི་དང་ ཧིང་བཏོན་ཏེ་འབད་མི་ དེ་ལས་ ཕྲང་སྟེ་སླབ་མི།

ཁྱོད་རའི་འདེམས་ཁོངས་ནང་ གཙོ་རིམ་ག་ཅི་བཟུང་ནི?

སྣུམ་འཁོར་ལམ་བསལ་ནི་དང་ ལམ་གྱི་གནས་སྟངས་ཡར་དྲག་གཏང་ནི་ དེ་ལས་ ད་རེས་སྐྱོ་དྲགས་ཡོད་མི་ མི་སེར་གྱི་ གནས་ཚད་ཡར་དྲག་གཏང་ནི།

ད་རེས་ཀྱི་བཙག་འཐུ་ནང་ལས་ ཁྱོད་ཀྱིས་དགའ་མི་དང་ མ་དགའ་མི་རེ་སླབ?

མི་སེར་ཚུ་གིས་ བཙག་འཐུའི་བྱ་སྒོ་དང་ ཁོང་གི་འགན་ཁུར་གྱི་སྐོར་ལས་ ཤེས་མི་དེ་དགའ་བས། དེ་འབདཝ་ད་ བཙག་འཐུའི་གྲུབ་འབྲས་དེ་ ངན་ལྷད་ལུ་བརྟེན་ཏེ་བྱུང་མི་དེ་ མི་དགས་བས། བཙག་འདུ་དེ་ རང་མོས་དང་རྣམ་དག་ཐོག་ལས་འགྱོ་དགོ་པ་ཅིན་ ད་རུང་ ལམ་ཐག་རིངམོ་འགྱོ་དགོཔ་འདུག།

ཁྱོད་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་དོན་ལུ་ གདོང་ལེན་སྦོམ་ཤོས་ར་ ག་ཅི་འདུག?

དམངས་གཙོའི་ལམ་ལུགས་གཞི་བཙུགས་འབད་མི་ རྒྱལ་ཁབ་གཞོནམ་ཅིག་འབདཝ་ལས་ མི་སེར་ལུ་ཕན་ཐོགས་པའི་ དམངས་གཙའི་རིང་ལུགས་ངོ་མ་ གཞི་བཙུགས་འབད་ནི་དེ་ཨིན།

ཁྱོད་ལུ་ཚོགས་རྒྱན་བཙུགས་དགོ་པའི་ གནད་དོན་གསུམ་སླབ?

དམངས་གཙོའི་རིང་ལུགས་ཀྱི་ འགོ་ཐོག་བཙག་འཐུ་ནང་ དོ་འགྲན་འབད་བའི་ཁར་ ལོ་ངོ་བཅུ་ཕྲག་ལས་བཅད་ འབྲུག་ཕུན་སུམ་ཚོགས་པ་དང་གཅིག་ཁར་ ལཱ་འབད་ནི་དེ་གིས་ མི་མང་ལུ་ཕན་ཐོགས་པའི་ སྲིད་བྱུས་བཟང་པོ་རྩམ་ཤེས་ནི་དེ་གིས་དང་ ང་ར་ སོ་ནམ་གྱི་རྒྱབ་ཁུངས་ཡོད་མི་ལུ་བརྟེན་ ང་རའི་འདེམས་ཁོངས་ཀྱི་མི་སེར་ཚུའི་ དཀའ་སྡུག་ཚུ་གི་སྐོར་ལས་ ཤེས་རྟོགས་བྱུང་མི་ དེ་ལས་ ང་ལུ་ མི་སེར་ཚུའི་ མི་ཚེའི་གནས་སྟངས་ནང་ ཁྱད་པར་བཟོ་ཚུགས་ཐབས་ལུ་ ནམ་ཅིག་ རྩ་བ་གསུམ་ལུ་ཕྱག་ཞུ་ནིའི་གོ་སྐབས་ ཐོབ་འོང་མནོ་བའི་ འགྱུར་བ་མེད་པའི་རེ་བ་ཡོད་མི་ལུ་བརྟེན།

ཁྱོད་ར་རྒྱལ་ཁ་འཐོབ་པ་ཅིན་ འགོ་དང་པ་ར་ ག་ཅི་འབད་ནི་སྨོ?

ད་ལྟོ་ གནག་དུང་ཡོད་པའི་གཡུས་སྒོ་ཚུ་ནང་ འཁོར་ལམ་དང་ གློག་མེའི་མཐུན་རྐྱེན་ཚུ་ གཞི་བཙུགས་འབད་ནི།

མི་སྡེ་བརྡ་བརྒྱུད་ བཙག་འཐུ་ནང་ ཕན་གནོད་ག་དེ་སྦེ་འདུག?

ཕན་པ་དང་གནོད་པ་ཚུ་ ངེས་ཏིག་སྦེ་ སླབ་མ་ཤེསཔ་བཞིན་དུ་ ང་རའི་ འདེམས་ཁོངས་ཀྱི་ ས་ཁོངས་གསུམ་དཔྱ་༢ དེ་ཅིག་ མཐའ་ཟུར་ཨིན་རུང་ དུམ་གྲ་རེ་ ཕན་གནོད་འབྱུང་ནི་མས།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *