ཨོ་རྒྱན་བསྟན་འཛིན།
སྐྱེས་ལོ་༥༢།
ཤེས་ཚད་ སྲིད་དོན་དང་རང་བཞིན་གནས་སྟངས་ མི་མང་བདག་སྐྱོང་ནང་ གཙུག་ལག་གོང་མའི་ཤེས་ཡོན།
ཉམས་མྱོང་ སྤྱི་ཚོགས་ཀྱི་འཐུས་མི་བགྲེསཔ།
ཁྱོད་རའི་སྐོར་ལས་ ཚིག་ཐེངས་༣ སླབ?
བརྩོན་འགྲུས་ཅན་དང་ ཐ་དམ་ཚིག་ཅན་ དེ་ལས་ འཇམ་ཏོང་ཏོ་སྦེ་ འབྲེལ་བ་འཐབ་ཚུགས་མི།
ཁྱོད་རའི་འདེམས་ཁོངས་ནང་ གཙོ་རིམ་ག་ཅི་བཟུང་ནི?
ཐད་ཀར་དུ་དགོ་པའི་ རྒྱལ་ཡོངས་གཞུང་ལམ་རྒྱ་སྐྱེད་མ་ཚད་པར་ སོ་ནམ་ཞིང་ལམ་རྒྱ་སྐྱེད་ ལམ་སྲོལ་ཉེན་སྲུང་དང་ ལྟ་བཤལ་ལུ་སེམས་ཤུགས་སྐྱེད་བཅུག་ནི་ དེ་ལས་ ཧཱ་ཁྲོམ་གོང་འཕེལ་གཏང་ནི་དེ་ཡང་ དགོས་མཁོ་ཅན་ཅིག་ཨིན།
ད་རེས་ཀྱི་བཙག་འཐུ་ནང་ལས་ ཁྱོད་ཀྱིས་དགའ་མི་དང་ མ་དགའ་མི་རེ་སླབ?
ང་ལུ་དགའ་མི་འདི་ ཧཱ་ལུ་འདེམས་ངོ་ཚུ་ ཉམ་ཆུང་སྦེ་སྡོད་མི་དེ་ཨིན་རུང་ མི་སེར་མང་ཤོས་ཅིག་གིས་ སྲིད་དོན་ཚོགས་པ་དང་ དེ་ཚུའི་ཁས་བླངས་གསལ་བསྒྲགས་ཚུ་ མི་ཚུ་གིས་ བརྟག་ཤིང་དཔྱད་དེ་ ཚོགས་རྒྱན་གྱི་རྒྱབ་སྐྱོར་འབད་དགོ་པའི་སྐོར་ལས་ ཧ་མ་གོ་མི་ལུ་ སེམས་ཕམ་བྱུངམ་མས། དེ་མ་ཚད་ ང་ལུ་ མ་དགའ་མི་དེ་ ཨིན་ཅི་མིན་ཅི་ སྒོ་བཤལ་སྐུལ་བསྒྲགས་འབད་དགོཔ་ད་ མི་ངན་ཚུ་གིས་ ངན་ལྷད་འཐབ་མི་དེ་ཨིན་ཟེར་ཨིན་པས།
ཁྱོད་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་དོན་ལུ་ གདོང་ལེན་སྦོམ་ཤོས་ར་ ག་ཅི་འདུག?
གདོང་ལེན་སྦོམ་ཤོས་དེ་ འབྲུག་མཉམ་རུབ་ཚོགས་པའི་གཞི་རྩ་ ཡོདཔ་དང་མེད་པའི་བར་ནའི་ ཁྱད་པར་མར་ཕབ་རྐྱབ་ནི་ལུ་ ཐབས་བྱུས་ག་དེ་སྦེ་ བཏོན་ནི་ཨིན་ན་དེ་ཨིན།
མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་བཙུགས་དགོ་པའི་ གནད་དོན་གསུམ་སླབ?
གསེར་ཁྲི་ལུ་གུས་ཞབས་དང་ རྩ་བ་གསུམ་ལུ་ ཕྱག་ཞུ་ཐོག་ལས་དཔེ་བཏོན་མི་ དེ་ལས་ མི་སེར་ཚུ་གིས་ གདམ་འཐུ་འབད་ཡོད་པའི་གནས་ཐོ་དང་ ད་ལྟོ་ གསོ་བའི་འཕྲོ་བསྟེན་ལུ་གཙོ་བོར་བཏོན་པའི་ ཚོགས་པ་ནང་འཛུལ་ཞུགས་འབད་མི་ དེ་ལས་ རྣམ་གཞག་ཅན་གྱི་མི་ཅིག་ཨིན།
ཁྱོད་ར་རྒྱལ་ཁ་འཐོབ་པ་ཅིན་ འགོ་དང་པ་ར་ ག་ཅི་འབད་ནི་སྨོ?
མི་ཚུ་ལུ་ ལེགས་བསྒྱུར་གྱི་དོན་ལུ་ གོ་སྐབས་དང་ ང་རའི་ཁས་བླངས་གསལ་བསྒྲགས་ཚུ་ འགྲུབ་ནིའི་དོན་ལུ་ གོ་སྐབས་གནང་མི་ལུ་ དཀོན་མཆོག་གསུམ་ལུ་ བཀའ་དྲིན་དགའ་འཚོར་བསམ་ནིའི་དོན་ལུ་ ལྷ་ཁང་ནང་འགྱོ་ནི།
མི་སྡེ་བརྡ་བརྒྱུད་ བཙག་འཐུ་ནང་ ཕན་གནོད་ག་དེ་སྦེ་འདུག?
ང་གིས་འབད་བ་ཅིན་ མི་སྡེ་བརྡ་བརྒྱུད་དེ་ ལག་ལེན་འཐབ་མི་ཚུ་གི་ མནོ་ཐངས་དང་འཁྲིལ་ ཕན་གནོད་༢ ཆ་ར་འདུག།