ཁྱེད་རའི་ རྒྱལ་ཡོངས་ཚོགས་འདུའི་ འདེམས་ངོ་ཤེས་དགོཔ།

དོན་གྲུབ།

སྐྱེས་ལོ་༢༦།

ཉམས་མྱོང་ མཐོ་རིམ་སློབ་གྲྭ།

ཤེས་ཚད་ དཔལ་འབྱོར་དང་ རང་བཞིན་གནས་སྟངས་ནང་ མཐོ་རིམ་སློབ་གྲྭ།

ཁྱོད་རའི་སྐོར་ལས་ ཚིག་ཐེངས་༣ སླབ?

བློ་གཏད་ཚུགསཔ་ དུས་ཚོད་ཁར་འབད་མི་དང་སེམས་ཤུགས་བསྐྱེད་དེ་ ལཱ་འབད་མི་དང་ཁས་བླངས་ཚུ་ དུས་ཚོད་ཁར་གྲུབ་མི།

ཁྱོད་རའི་འདེམས་ཁོངས་ནང་ གཙོ་རིམ་ག་ཅི་བཟུང་ནི?

ཁ་སྨད་ཀྱི་དོན་ལུ་ ང་གིས་ འཁོར་ལམ་ཉམས་བཅོས་འབད་ནི་ལུ་ གཙོ་རིམ་བཟུང་ནི་དང་ ལུང་ནག་ནང་ལུ་ གློག་མེ་གི་མཐུན་རྐྱེན་བྱིན་ནི་ལུ་ གཙོ་རིམ་བཟུང་ནི།

ད་རེས་ཀྱི་བཙག་འཐུ་ནང་ལས་ ཁྱོད་ཀྱིས་དགའ་མི་དང་མ་དགའ་མི་རེ་སླབ?

དགའ་མི་དེ་ བཙག་འཐུ་སྐབས་ མི་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ནིའི་ གོ་སྐབས་དང་ཉམས་མྱོང་ཐོབ་པས།

ཁྱོད་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་དོན་ལུ་ གདོང་ལེན་སྦོམ་ཤོས་ར་ག་ཅི་འདུག?

གདོང་ལེན་སྦོམ་ཤོས་ ན་གཞོན་ཚུ་ ལཱ་གཡོག་མ་ཐོབ་མི་དེ་ཨིན།

མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་བཙུགས་དགོ་པའི་ གནད་དོན་གསུམ་སླབ?

ལ་མཐོ་སར་སྡོད་མི་ཚུ་གི་ མི་ཚེའི་གནས་སྟངས་སྐོར་ལས་ ང་རྐྱངམ་གཅིག་གིས་ ཧ་གོ་ཚུགས་པའི་ཁར་ ང་གིས་ ལུང་ནག་ནང་དང་ ཁ་སྨད་ལུ་སྡོད་དེ་ དཀའཝ་སྤྱད་པའི་ཉམས་མྱོང་ཡོདཔ་ལས་ འདེམས་ཁོངས་ནང་ ང་གིས་ ཕྱག་ཞུ་ཚུགས་པའི་ རེ་བ་ཡོད།

ཁྱོད་ར་རྒྱལ་ཁ་འཐོབ་པ་ཅིན་ འགོ་དང་པ་ར་ ག་ཅི་འབད་ནི་སྨོ?

རྒྱལ་ཁབ་འཐོབ་པ་ཅིན་ མི་ཚུ་འབད་སར་ ལོག་འགྱོ་ཞིནམ་ལས་ བཀྲིན་བསམ་སྟེ་ ལུང་ནག་ནང་གི་མི་ཚུ་གི་དོན་ལུ་ གློག་མེ་ལྷོད་ཚུགསཔ་འབད་ནི། ཁ་སྨད་ཀྱི་དོན་ལུ་ མི་ཚུ་གིས་ ཁོང་གི་འཚོ་བའི་གནས་སྟངས་དོན་ལུ་ སོ་ནམ་ཐོན་སྐྱེད་ཚུ་ལུ་ གཙོ་རིམ་བཟུང་ནི། དེ་གི་ནང་ལས་ ཁས་བླངས་འབད་མི་ཚུ་ འགྲུབ་ཐབས་ལུ་ རྩ་འགེངས་ནི།

མི་སྡེ་བརྡ་བརྒྱུད་ བཙག་འཐུ་ནང་ ཕན་གནོད་ག་དེ་སྦེ་འདུག?

མི་སྡེ་བརྡ་བརྒྱུད་ཀྱིས་ ཕན་གནོད་གཉིས་ཆ་ར་འདུག། དེ་འབདཝ་ལས་ མི་སྡེ་ཚུ་གིས་ བཙག་འཐུ་ལྷན་ཚོགས་ཀྱི་ལམ་སྟོན་དང་སྒྲིག་གཞི་ཚུ་དང་འཁྲིལ་ ལག་ལེན་འཐབ་དགོཔ་འདུག།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *