ཁྱེད་རའི་ རྒྱལ་ཡོངས་ཚོགས་འདུའི་ འདེམས་ངོ་ཤེས་དགོཔ།

དར་དཀར་ནང་- ལྷ་མོའི་རྫིང་ཁ་- བཀྲིས་སྡིངས།

པེ་རེམ་ཀུ་མར་ ཁ་ཏི་ཝ་ར།
སྐྱེས་ལོ་༤༩།
ཤེས་ཚད་ ཤེས་རིག་ནང་ མཐོ་རིམ་སློབ་གྲྭ།
ཉམས་མྱོང་ སློབ་སྟོན་དང་ འཛིན་སྐྱོང་ནང་ ལོ་ངོ་༢༥ ལཱ་འབད་ཡོད

ཁྱོད་རའི་སྐོར་ལས་ ཚིག་ཐེངས་༣ སླབ?
སེམས་དྲང་པོ་དང་ ལཱ་རྩ་འགེངས་འབད་མི་ དེ་ལས་ ཁྲིམས་ལུགས་དང་འཁྲིལ་ ལཱ་འབད་མི།

ཁྱོད་རའི་འདེམས་ཁོངས་ནང་ གཙོ་རིམ་ག་ཅི་བཟུང་ནི?
ན་གཞོན་ཚུ་ལུ་ ལཱ་གཡོག་གི་ གོ་སྐབས་བཟོ་ཐོག་ལས་ གནས་སྤོ་འགྱོ་མིའི་གནས་སྟངས་ སོར་བསྒྱུར་འབད་ནི། སཱུན་ཀོཤ་གློག་མེ་ལས་འགུལ་དང་ ཤར་ལྷོ་ནུབ་ཀྱི་ གཞུང་ལམ་ཚུ་ལུ་ གཙོ་རིམ་བཟུང་ནི།

ད་རེས་ཀྱི་བཙག་འཐུ་ནང་ལས་ ཁྱོད་ཀྱིས་དགའ་མི་དང་ མ་དགའ་མི་རེ་སླབ?
ད་རེས་ནངས་པར་ དམངས་གཙོའི་ལམ་ལུགས་དེ་ མི་དག་པ་ཅིག་གིས་ མེདཔ་བཏང་དོ་བཟུམ་མའི་ མཐོང་སྣང་བྱུངམ་མས། ནམ་ཅིག་གི་ཚེ་ སྲིད་དོན་གྱི་ འདེམས་ངོ་དེ་ འོང་འབབ་ཐེར་འབུམ་སྦེ་ཡོད་མིའི་ བུ་ ཡང་ཅིན་ བུམོ་སྦེ་འཐོན་འོང་། ང་བཅས་རའི་ རྒྱལ་ཁབ་ཆུང་ཀུ་དང་ མི་རློབས་ཉུང་སུ་ཅིག་ལས་མེད་མིའི་ནང་ ཚ་གྱང་སྦོམ་ཤོས་ར་འདི་ཨིན། འདི་བཟུམ་མའི་ གནས་སྟངས་ཀྱིས་ རྒྱལ་ཁབ་ཀྱི་ རང་བཙན་ལུ་ ཐོ་ཕོག་ནིའི་ ཉེན་ཁ་ཡོད། འདི་འབདཝ་ལས་ རྒྱལ་ཁབ་འདི་ དམངས་གཙོའི་ཐོག་ལས་ གཞུང་སྐྱོང་ནི་མེན་པར་ འབྲུག་མངའ་བདག་རྒྱལ་པོའི་ ཆབ་སྲིད་དབུ་ཁྲིད་ཐོག་ལུ་ར་ བཞག་པ་ཅིན་ ལེགས་ཤོམ་འོང་ནི་མས།

ཁྱོད་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་དོན་ལུ་ གདོང་ལེན་སྦོམ་ཤོས་ར་ ག་ཅི་འདུག?
རྒྱལ་ཁབ་ལུ་ གདོང་ལེན་སྦོམ་ཤོས་ར་ དཔལ་འབྱོར་གནས་སྟངས་སྒྲིང་སྒྲི་མེད་མི་ལུ་བརྟེན་ བུ་ལོན་སྦོམ་སྦེ་ འཁྲི་ཡོདཔ་ལས་ ང་བཅས་ག་ར་ལུ་ ཚ་གྱང་ལང་དགོཔ་ཅིག་ཨིན་མས།

མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་བཙུགས་དགོ་པའི་ གནད་དོན་གསུམ་སླབ?
ང་ལུ་ དཔལ་འབྱོར་ཡར་དྲག་གཏང་ནིའི་ འཆར་གཞི་ཚུ་ཡོད་པའི་ཁར་ འགྲན་ཟླ་དང་བྲལ་བའི་ གོང་འཕེལ་གཏང་ནི་དང་ ན་གཞོན་ཚུ་ལུ་ ལཱ་གཡོག་གི་ གོ་སྐབས་བཟོ་སྟེ་ ན་གཞོན་ཚུ་ འབྲེལ་འཛིན་ཅན་སྦེ་ བཞག་ཐོག་ལས་ མི་སྡེའི་ནང་ འཆམ་མཐུན་བཟོ་ནི་གི་ འཆར་གཞི་ལེ་ཤ་ཅིག་ར་ཡོད།

ཁྱོད་ར་རྒྱལ་ཁ་འཐོབ་པ་ཅིན་ འགོ་དང་པ་ར་ ག་ཅི་འབད་ནི་སྨོ?
འབྲུག་གི་མི་སེར་དང་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་སྟངས་ ཡར་དྲག་གཏང་ནིའི་ ཐབས་ལམ་ཅིག་བཏོན་ནི།

ཁྱོད་ཀྱི་དོན་ལུ་ མི་སྡེ་བརྡ་བརྒྱུད་ བཙག་འཐུ་ནང་ ཕན་གནོད་ག་དེ་སྦེ་འདུག?
མི་སྡེ་བརྡ་བརྒྱུད་དེ་ མི་ག་ར་ལུ་ ཕན་ཐོགས་ཡོད་རུང་ ཁ་བྱང་རྫུས་མ་གསལ་བཀོད་ཐོག་ མི་རིགས་ཀྱི་ དབྱེ་བ་ཕྱེ་ནི་དང་ དབྱེ་ཁག་བཟོ་ནི་གི་ དཔའ་བཅམ་མི་དེ་ ཚ་གྱང་སྦོམ་ཤོས་ཅིག་ཨིནམ་ལས་ ལེགས་ཤོམ་སྦེ་ར་ སེལ་ཐབས་འབད་དགོཔ་འདུག།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *