ཁྱེད་རའི་ རྒྱལ་ཡོངས་ཚོགས་འདུའི་ འདེམས་ངོ་ཤེས་དགོཔ།

དར་དཀར་ནང་- འབྲུག་རྗེས་སྒང་-རྩེ་བཟང།

 

འགྱུར་མེད་དབང་ཕྱུག།
སྐྱེས་ལོ་༥༧།
ཤེས་ཚད་ རྒྱལ་སྤྱི་མཐུན་ལམ་ནང་ མཐོ་རིམ་གོང་མ།
ཉམས་མྱོང་ འཛམ་གླིང་སྤྱི་ཚོགས་ཀྱི་ ཇེ་ནི་བ་ སུཡི་ཛར་ལེནཌ དང་ ཡུ་ཨེས་ཨེ་ལུ་ཡོད་མི་ ཞི་བདེ་དང་འགྲོ་བ་མིའི་དབང་ཆ་གི་ལྷན་འཛིན་ཡིག་ཚང་ནང་ ལོ་ངོ་༢༠ ལྷགཔ་ཅིག།

ཁྱོད་རའི་སྐོར་ལས་ ཚིག་ཐེངས་༣ སླབ?
ལཱ་རྩ་འགེངས་འབད་མི་དང་ ཐད་ཀར་དུ་སླབ་མི་ དེ་ལས་ ཕྲང་ཏང་ཏ།

ཁྱོད་རའི་འདེམས་ཁོངས་ནང་ གཙོ་རིམ་ག་ཅི་བཟུང་ནི?
ང་བཅས་ཀྱིས་རྒྱལ་ཁ་འཐོབ་པ་ཅིན་ དེ་འཕྲོ་ལས་ རྫོང་ཁག་དང་སོ་ནམ་ཞིང་ལམ་ཚུ་ ལེགས་བཅོས་འབད་དེ་ ཟུར་ལམ་ཚུ་ཡང་ ཉམས་བཅོས་འབད་ནི།

ད་རེས་ཀྱི་བཙག་འཐུ་ནང་ལས་ ཁྱོད་ཀྱིས་དགའ་མི་དང་མ་དགའ་མི་རེ་སླབ?
མི་ཚུ་གིས་ ང་ལུ་བརྩོན་ཤུགས་བྱིན་ནི་དེ་གིས་དགའ་རུང་ ཚོགས་པ་གཞན་ཚུ་གིས་ ང་རའི་ཚོགས་པ་ལུ་ མ་རུང་བའི་སྐོར་སླབ་ད་ མི་དགའ་བས།

ཁྱོད་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་དོན་ལུ་ གདོང་ལེན་སྦོམ་ཤོས་ར་ ག་ཅི་འདུག?
ང་བཅས་ཀྱི་དམངས་གཙོའི་རིང་ལུགས་ནང་ མི་ཚུ་མང་ཤོས་ར་ ཏི་རུ་གིས་མེདཔ་བཏང་ས་མཐོངམ་མས།

མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་བཙུགས་དགོ་པའི་ གནད་དོན་གསུམ་སླབ?
ལོ་ཚད་དང་ཉམས་མྱོང་ དེ་ལས་ མི་སེར་གྱི་དོན་ལུ་ ཕྱག་ཞུ་ནིའི་ སེམས་ཤུགས་ཡོད་པའི་ཁར་ མི་སེར་གྱི་མི་ཚེ་ཡར་དྲག་གཏང་ནི།

ཁྱོད་ར་རྒྱལ་ཁ་འཐོབ་པ་ཅིན་ འགོ་དང་པ་ར་ ག་ཅི་འབད་ནི་སྨོ?
དེ་འཕྲོ་ལས་ ཁས་བླངས་ཚུ་གཙོ་རིམ་བཟུང་ནི།

མི་སྡེ་བརྡ་བརྒྱུད་ བཙག་འཐུ་ནང་ ཕན་གནོད་ག་དེ་སྦེ་འདུག?
ད་ཚུན་ མི་སྡེ་བརྡ་བརྒྱུད་དེ་ འདྲ་མཉམ་སྦེ་མཐོང་ཡི།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *