བུམ་ཐང་ ཆུ་སྨད་- ཨུ་ར།
ཕུན་ཚོགས་རྣམ་རྒྱལ།
སྐྱེས་ལོ་༣༢
ཉམས་མྱོང་ ལོ་ངོ་༡༢ ཀྱི་རིང་ བཟོ་སྐྲུན་ལས་སྡེ་ནང་ ལཱ་འབད་ཡོདཔ།
ཤེས་ཚད་ ཚོང་རིག་ནང་ མཐོ་རིམ་སློབ་གྲྭ།
ཁྱོད་རའི་སྐོར་ལས་ ཚིག་ཐེངས་༣ ནང་སླབ?
ཕྲང་སྟེ་སླབ་མི་ཉམ་ཆུང་དང་ སྙིང་རྗེ་ཅན།
ཁྱོད་རའི་འདེམས་ཁོངས་ནང་ གཙོ་རིམ་ག་ཅི་བཟུང་ནི།
འདྲ་མཉམ་དང་དྲང་བདེན་ཐོག་ལས་ གོང་འཕེལ་གཏང་ནི།
ད་རེས་ཀྱི་བཙག་འཐུ་ནང་ལས་ ཁྱོད་ཀྱིས་དགའ་མི་དང་ མ་དགའ་མི་རེ་སླབ?
མི་ལེ་ཤ་གིས་ བཅའ་མར་གཏོགས་མི་ལུ་ དགའ་བ་ཡོད་རུང་ མ་བདེན་པའི་ལོ་རྒྱུས་ཚུ་ དར་ཁྱབ་བཏང་མི་དེ་ མི་དགའ་བས།
ཁྱོད་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་དོན་ལུ་ གདོང་ལེན་སྦོམ་ཤོས་ར་ག་ཅི་འདུག?
ཚོགས་རྒྱན་བཙུགས་མི་ཚུ་ལུ་ ཚོགས་རྒྱན་གྱི་ཤེས་ཡོན་རྒྱ་ཆེཝ་སྦེ་མེད་མི།
མི་སེར་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་བཙུགས་དགོ་པའི་ གནད་དོན་གསུམ་སླབ?
གསོ་བའི་ཞབས་ཏོག་ལེགས་ཤོམ་འཐོབ་ནི་དང་ དམངས་གཙོ་དྭངས་གསལ་ཅན་བཞག་ནི་ དེ་ལས་ ང་ར་ མི་ཕྲང་མི་ཅིག་ཨིན་པའི་ཁར་ སྙིང་རྗེ་ཅན་དང་ ཉམ་ཆུང་ཅིག་ཨིན།
ཁྱོད་རྒྱལ་ཁ་འཐོབ་པ་ཅིན་ འགོ་དང་པ་ར་ ག་ཅི་འབད་ནི་སྨོ?
བཙག་འཐུའི་ལམ་ལུགས་ལུ་བརྟེན་ མི་སེར་ཚུ་ ཁག་དབྱེ་སྟེ་ཡོད་མི་ཚུ་ གཅིག་མཐུན་བཟོ་ནི།
མི་སྡེ་བརྡ་བརྒྱུད་དེ་ བཙག་འཐུ་ནང་དགོཔ་འདུག་ག་མིན་འདུག?
དཀའ་ངལ་དང་ཕན་པ་གཉིས་ཆ་ར་ ཞབས་ཏོག་ལག་ལེན་འཐབ་མི་ཚུ་གི་ལག་པར་ཡོད།