ཁྱད་ཚད་ལྡན་པའི་ ཨ་ལོའི་ཨའི་ཚུ་ལུ་ སྐྱེས་མའི་འཐུས་འཐོབ་ནི།

༉ གཞུང་གིས་ གྲོང་གསེབ་ཀྱི་ ཨ་ལོ་གསར་སྐྱེས་ཀྱི་ ཨའི་ཚུ་གི་དོན་ལུ་ སྐྱེས་མའི་འཐུས་ཀྱི་ སྒྲིག་གཞི་ཅིག་ ཟིན་འབྲི་འཐབ་ནི་ཨིནམ་ལས་ ཨ་ལོ་སྐྱེས་ནི་ཨིན་མི་ ཨའི་གི་ཁྱད་ཚད་ ཚང་མི་ཚུ་ལུ་རྐྱངམ་གཅིག་ སྐྱེས་མའི་འཐུས་ འཐོབ་ནི་ཨིན་པས།
ཁས་བླངས་གསལ་བསྒྲགས་ཚུ་ འགྲུབ་ནིའི་དོན་ལུ་ གཞུང་གི་ཁས་ལེན་ཚུ་ ག་དེ་སྦེ་ ཡོདཔ་ཨིན་ནའི་སྐོར་ལས་ རེས་གཟའ་སྤེན་པ་ལུ་ བརྡ་བརྒྱུདཔ་ཚུ་དང་གཅིག་ཁར་ ཕྱད་པའི་སྐབས་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ བཤད་ཡོདཔ་ཨིན་པས།
གཞུང་གི་ཁ་ཐུག་ལས་ སྐྱེས་མའི་འཐུས་དེ་ ཉིན་བསྟར་གྱི་ རྒྱལ་ཡོངས་ལས་མི་ གླ་ཆ་ལྟར་དུ་ བྱིན་ནིའི་ཁས་ལེན་འབད་ཡོདཔ་ཨིན་པས།
གཞུང་གི་ཁས་ལེན་ཚུ་ གྲུབ་ཚུགས་པའི་ཁས་བླངས་ ཨིནམ་བཞིན་དུ་ བློན་ཆེན་མཆོག་གིས་ བཤད་མིའི་ནང་ ཨ་ལོ་ཨའི་ཚུ་ སྐྱེས་མའི་འཐུས་ འཐོབ་ནི་དོན་ལུ་ དགོས་མཁོ་ཅན་གྱི་ ཁྱད་ཆོས་ཚུ་ ཚང་དགོ་ཟེར་ཨིན་པས།
ཨ་ལོ་ ས་གནས་ བེང་ཀོག་ལུ་ སྐྱེས་མི་དང་ རང་སོའི་ཁྱིམ་ནང་ སྐྱེས་མི་ཨའི་ཚུ་ལུ་ སྐྱེས་མིའི་འཐུས་ མི་ཐོབ་ཟེར་ཨིནམ་ད་ ཨ་ལོ་མ་སྐྱེས་བའི་ཧེ་མར་ དུས་རྒྱུན་གྱི་ བརྟག་དཔྱད་ཚུ་ ཚུལ་མཐུན་འབད་བའི་ཁར་ ཨ་ལོ་དེ་ཡང་ སྨན་ཁང་ནང་ སྐྱེས་དགོ་ཟེར་ཨིན་པས།
ལས་རིམ་དེ་ཡང་ ཨ་ལོའི་ཨའི་ཚུ་གིས་ གསོ་བའི་ཞབས་ཏོག་ཚུ་ ལེགས་ཤོམ་སྦེ་ སྤྱོད་ཞིནམ་ལས་ ཨ་ལོ་སྨན་ཁང་ནང་སྐྱེས་བཅུག་ནིའི་ དོན་ལུ་ཨིནམ་ད་ ཨ་ལོ་ཁྱིམ་ནང་ སྐྱེས་མི་ཚུ་གིས་ ཨ་ལོའི་རྒྱུད་ལུ་ རྩ་སྐུམ་ནད་གཞི་ འཐོབ་ནིའི་གོ་སྐབས་ཡོད་ཟེར་ཨིན་པས།
བློན་ཆེན་གྱིས་ བཤད་མིའི་ནང་ གསོ་བའི་ལྷན་ཁག་གི་ གསོ་བའི་གཙུག་སྡེ་ནང་ ཨ་ལོ་སྐྱེས་ནིའི་ཚད་གཞི་ བརྒྱ་ཆ་ལས་༡༠༠ འགྲུབ་ཚུགས་ནི་དེ་ ཨིནམ་བཞིན་དུ་ བརྒྱ་ཆ་ལས་༨༧ དེ་ཅིག་ གྲུབ་ཡོད་ཟེར་ཨིནམ་ད་ ང་བཅས་ཀྱི་ཁ་ཐུག་ལས་ བརྒྱ་ཆ་ལས་༡༠༠ འགྲུབ་ནི་ལུ་ གཙོ་བོར་བཏོན་དོ་ཟེར་ཨིན་པས།
ཨ་ལོ་སྐྱེས་ནི་འབད་བའི་སྐབས་ དུས་རྒྱུན་གྱི་ བརྟག་ཞིབ་འབད་བ་ཅིན་ ཨ་ལོའི་གཟུགས་ཁམས་འཕྲོད་བསྟེན་ ལེགས་ཤོམ་འོང་ནི་ལུ་ ངེས་བརྟན་བཟོ་འོང་ཟེར་ཨིན་པས།
བློན་ཆེན་གྱིས་ བཤད་མིའི་ནང་ ཨའི་ཚུ་ ཨོམ་ལེགས་ཤོམ་སྦེ་ འཐོན་ནིའི་དོན་ལུ་ སེམས་ཁམས་དང་ གཟུགས་ཁམས་ཀྱི་ ཞི་བདེ་དགོ་ཟེར་ ཨིནམ་བཞིན་དུ་ གྲོང་གསེབ་ནང་གི་ཨའི་ཚུ་ སེམས་ཁམས་དང་ གཟུགས་ཁམས་ཀྱི་ ཞི་བདེ་དང་ ངལ་གསོ་ལངམ་སྦེ་ཐོབ་མི་ཚུགསཔ་ལས་ སྐྱེས་མིའི་འཐུས་དགོཔ་ཡོད་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ སྐྱེས་མིའི་འཐུས་བྱིན་ནིའི་ ཁས་བླངས་དེ་ སྐུལ་བསྒྲགས་ཀྱི་སྐབས་ སྐྱོན་བརྗོད་འབད་ཡོད་པའི་ ཁས་བླངས་ཅིག་ ཨིན་ཟེར་ཨིནམ་ད་ ཁས་བླངས་དེ་ལུ་ སྐྱོན་བརྗོད་འབདཝ་ད་ སེམས་མི་དགའ་བས་ཟེར་ཨིན་རུང་ བློན་ཆེན་གྱིས་ ལས་རིམ་དེ་ ནམ་འགོ་བཙུགས་ནི་ཨིན་ནའི་སྐོར་ལས་ མ་གསུངསམ་ཨིན་པས།
ཁོ་གིས་ བཤད་མིའི་ནང་ འཆར་དངུལ་ཚུ་ གཙོ་རིམ་དང་འཁྲིལ་ བགོ་བཀྲམ་འབད་ནི་ཨིནམ་ལས་ གཞུང་གི་ཁས་བླངས་ཚུ་ གཞི་བཙུགས་འབད་ཚུགས་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་ ཁས་བླངས་གསལ་བསྒྲགས་ནང་ གཡུས་མི་ཚུ་ ཞིང་ལཱ་དང་ ཁྱིམ་ནང་གི་ལཱ་ནང་ འབྲེལ་གཏོགས་འབད་དགོཔ་ཡོདཔ་ལས་ སྐྱེས་མའི་འཐུས་མི་ཐོབ་ཟེར་བའི་ ལོ་རྒྱུས་དེ་ བཅུད་མིན་འདུག་ཟེར་ཨིན་པས།
ད་ལྟོ་ སྐྱེས་མའི་ངལ་གསོ་དེ་ མི་མང་ལས་སྡེ་དང་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་འོག་གི་ ལས་སྡེ་ཚུ་ལུ་ བྱིན་ཏེ་ཡོདཔ་ལས་ འབྲུག་མཉམ་རུབ་ཚོགས་པ་གིས་ འཐོབ་ལམ་དེ་ཚུ་ ཨ་ལོའི་སྐྱེས་མི་ཨའི་ག་ར་ལུ་ འཐོབ་ཚུགསཔ་སྦེ་བཟོ་སྟེ་ ཨ་ལོ་གཅེས་སྐྱོང་དང་ ཨའི་གི་གཟུགས་ཁམས་ ལེགས་ཤོམ་བཟོ་ནིའི་ནང་ ཕན་ནུས་འབྱུང་ནི་ཨིན་པའི་གནས་ཚུལ།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *