ཁེག་པའི་ལོ་རྒྱུས་དར་ཁྱབ་བཏང་མི་ ཚོགས་པ་ཅིག་ལུ་ བཙོན་ཁྲིམས།

༉ བཀྲིས་གཡང་རྩེ་རྫོང་ཁག་ཁྲིམས་འདུན་གྱིས་ ཁམས་དྭངས་རྒེད་འོག་ ཤ་ལི་སེར་སྤང་སྤྱི་འོག་གི་ཚོགས་པ་ རྡོ་རྗེ་དབང་འདུས་ཀྱིས་ ཡོངས་གྲགས་ལུ་ ཁེག་པ་ཟེར་ མི་གི་མགུ་ཏོ་བཏོག་མིའི་སྐོར་ལས་ བརྡ་དཀྲོགས་རྫུན་མ་དར་ཁྱབ་བཏང་མི་ལུ་ བཙོན་ཁྲིམས་ཟླཝ་༢ བཀལ་ཡོདཔ་ཨིན་པས།
ཚོགས་པ་གིས་ སྤྱི་ཟླ་༥ པའི་ཚེས་༣ ལུ་ ཁམས་དྭངས་རྒེད་འོག་ རྡོ་ལེབ་ཅན་གཡུས་ཚན་ནང་ མགུ་ཏོ་བཏོག་མི་ཐོན་ནུག་ཟེར་ འགྲུལ་འཕྲིན་མོ་བཱ་ཡེལ་གྱི་ ཝི་ཅེཌ་ནང་སྒྲ་བཟུང་སྟེ་ དར་ཁྱབ་བཏང་མི་དེ་ ཁོ་ར་ ས་གནས་གཞུང་གི་འགོ་ཁྲིདཔ་ཅིག་ཨིན་རུང་ ཁྲིམས་ལུགས་ཚུ་ ལེགས་ཤོམ་སྦེ་ ཧ་མ་གོ་བར་ དར་ཁྱབ་བཏང་ནུག་ཟེར་ ཞུ་ཡོདཔ་ཨིན་པས།
ཚོགས་པ་གིས་ ཁོ་ལུ་ ཉེས་འཛུགས་བཀལ་མི་ཚུ་ ངེས་བདེན་ཨིན་ཟེར་ ཁྲིམས་འདུན་ལུ་ཞུ་ཡོདཔ་ད་ འཁྲུན་ཆོད་དང་འཁྲིལཝ་ད་ ཁོ་ར་ ཚོགས་པ་ཅིག་ཨིནམ་ལས་ དེ་བཟུམ་མའི་ལོ་རྒྱུས་ཚུ་ དར་ཁྱབ་བཏངམ་ད་ བདེན་དཔྱད་འབད་དགོཔ་ཨིན་རུང་ ཁོ་གིས་ དེ་ཚུ་ག་ནི་ཡང་མ་འབད་བར་ མི་སེར་ཚུ་ རྣམ་རྟོག་ལང་བཅུག་མི་དེ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༤༨༩ པ་ལྟར་ ཉེས་པ་ཡང་ཕྲའི་ ཉེས་ཁྲིམས་ཕོག་ཟེར་བཀོད་ནུག།
ཚོགས་པ་ཁོ་ར་ སྤྱི་ཟླ་༥ པའི་ཚེས་༡༥ ལས་༡༦ ཚུན་ དོ་དམ་ནང་ སྡོད་པའི་ལྷག་ལུས་ཚུ་ རྒྱལ་ཡོངས་ལས་མིའི་གླ་ཆ་ ཉིནམ་རེ་ལུ་ དངུལ་ཀྲམ་༡༢༥ རྩིས་རྐྱབ་སྟེ་ ཁྲིམས་འཐུས་དངུལ་ཀྲམ་༧,༣༧༥ བཏབ་དགོ་མི་དེ་ བཏབ་ཡོདཔ་ཨིན་པས།
ཁོ་གི་ མ་བདེན་པའི་ལོ་རྒྱུས་དེ་ གྲོང་གསེབ་ནང་ལས་ཕར་ མགུ་ཏོ་བཏོག་མི་ཐོན་ནུག་ཟེར་བའི་ ལོ་རྒྱུས་དར་ཁྱབ་སོང་བའི་ དུས་ཚོད་ལུ་ འབད་ནི་དེ་གིས་ ཧེང་སྐལ་ར་ མི་སྡེ་ནང་ འཇིགས་སྣང་ལང་བཅུག་ཡོདཔ་ཨིན་པས།
རྩོད་གཞི་དེ་ བཀྲིས་གཡང་རྩེ་ཁྲིམས་སྲུང་འགག་པ་གིས་ ཉེས་འཛུགས་ཐོག་ རྩོད་བཤེར་འབད་ཡོདཔ་ད་ ཁྲིམས་སྲུང་འགག་པ་གིས་ སྙན་ཞུ་ནང་བཀོད་དོ་བཟུམ་འབད་བ་ཅིན་ ཚོགས་པ་གིས་ ཁམས་དྭངས་སློབ་གྲྭ་ཆུང་བའི་ སློབ་དཔོན་ཅིག་དང་གཅིག་ཁར་ སྒྲ་བཟུང་འབད་དེ་ སློབ་གྲྭའི་ཕམ་དང་ སློབ་དཔོན་ཚུ་ཡོད་པའི་ འཐུས་མི་༡༠༢ དེ་ཅིག་ཡོད་མི་ ཝི་ཅེཌ་སྡེ་ཚན་ནང་བཙུགས་ཏེ་ བཀྲམ་སྤེལ་འབད་ནུག་ཟེར་ བཀོད་ཡོད་པའི་གནས་ཚུལ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *