༉ གསར་སྤང་འཇིགས་མེད་ཆོས་གླིང་རྒེད་འོག་ནང་ ཁ་སྨད་གྲོང་གསེབ་འཐུང་ཆུ་བཀྲམ་སྤེལ་ལས་འགུལ་གྱིས་ ཁྱིམ་གུང་༡༤༣ གྱི་ མི་སེར་༧༣༤ ལུ་ ཕན་ཐོགས་འབྱུང་ནི་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༢༠ ལུ་ མཇུག་བསྡུ་མི་ འཐུང་ཆུ་བཀྲམ་སྤེལ་ལས་འགུལ་དེ་ བདེ་སྲུང་རྒྱལ་ཡོངས་ཞབས་ཏོག་གིས་ ཆུའི་གཙོ་རིམ་ལས་འགུལ་དང་ མཉམ་འབྲེལ་ཐོག་ལུ་ བཟོ་སྐྲུན་འབད་ཡོདཔ་ཨིན་པས།
འཐུང་ཆུ་བཏོན་ནིའི་ ལཱ་དེ་ཡང་ འབྲུག་གི་བསྟན་སྲུང་དམག་མི་དང་ གསར་སྤང་རྫོང་ཁག་ དེ་ལས་ ཞབས་ཏོག་ལྷན་ཁག་གི་ འཕྲུལ་རིག་སྡེ་ཚན་གྱི་ རྒྱབ་སྐྱོར་ཐོག་ལས་ བདེ་སྲུངཔ་༥༤ གིས་ དུས་ཚོད་གསལ་བཀོད་འབད་མིའི་ ནང་འཁོད་ལུ་ མཇུག་བསྡུ་ཡོདཔ་ཨིན་པས།
ལས་འགུལ་མཇུག་བསྡུའི་རྟེན་འབྲེལ་ནང་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ གྲལ་གཏོགས་འབད་ཡོད་པའི་གནས་ཚུལ་མདོར་བསྡུས།