ཀྲོང་གསར་སྒྲ་དབྱངས་ཀྱི་ ཇོ་བདག་ལུ་ ཨ་ལོ་ལོག་སྤྱོད་འབད་བའི་ཉེས་འཛུགས།

༉ ཁྲིམས་སྲུང་འགག་པ་གིས་ སྒྲ་དབྱངས་ཅིག་གི་ ཇོ་བདག་གིས་ ལོ་ན་མ་སྨིན་པའི་བུམོ་ཅིག་ ལཱ་གཡོག་ནང་བཙུགས་པའི་ རྩོད་དོན་ཅིག་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཏང་པའི་ཤུལ་ལས་ ཟླཝ་འདི་གི་ སྔ་ཆ་ལུ་ ཡིག་ཚང་དེ་གིས་ ཀྲོང་གསར་ཀུན་དགའ་རབ་བརྟན་ལས་ སྐྱེས་ལོ་༣༦ ལང་མི་ ཕོ་སྐྱེས་ཅིག་ལུ་ ཨ་ལོ་ལོག་སྤྱོད་འབད་བའི་ ཉེས་འཛུགས་འབད་ནུག།
རྩོད་དོན་དེ་ཡང་ དུས་ཅི་ སྤྱི་ཟླ་༦ པའི་ནང་ སྒྲ་དབྱངས་ཀྱི་ ཇོ་བདག་གིས་ ཀྲོང་གསར་རྫོང་ཁག་གི་ སྐྱིད་སྡུག་འགོ་དཔོན་གྱིས་ ལོ་ན་མ་སྨིན་པའི་ བུམོ་ཅིག་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ ཁ་ཉེས་བཀལ་ཏེ་ ཁྲིམས་སྲུང་འགག་སྡེ་ལུ་ ཉོགས་བཤད་བཀོད་པའི་ཤུལ་ལས་ ཐོན་ཡོདཔ་ཨིན་པས།
མ་གཞི་ ཀྲོང་གསར་གྱི་ ཁྲིམས་སྲུང་འགག་སྡེ་གིས་ དབང་བཙོང་འདོད་སྤྱོད་ཀྱི་ ཁ་ཉེས་དང་ ན་ཆུང་ལཱ་གཡོག་ནང་བཙུགས་པའི་ རྩོད་དོན་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཏང་ཡོད་རུང་ ཡིག་ཚང་གིས་ དབང་བཙོང་འདོད་སྤྱོད་དང་འབྲེལ་བའི་ ཚན་རིག་བརྟག་དཔྱད་ཀྱི་ སྙན་ཞུ་ལུ་ སྒུགཔ་ཨིན་པས།
ཉེས་འཛུགས་ཚུ་དང་འཁྲིལཝ་ད་ སྒྲ་དབྱངས་ཀྱི་ ཇོ་བདག་གིས་འབད་བ་ཅིན་ ཐིམ་ཕུག་ལུ་ཡོད་མི་ སྒྲ་དབྱངས་ཀྱི་ ཇོ་བདག་གཞན་ཅིག་གིས་ ཁོ་གི་ སྒྲ་དབྱངས་ནང་ ལཱ་འབད་མི་ བུམོ་ཚུ་ ཀྲོང་གསར་ལུ་ ཁོ་དང་གཅིག་ཁར་ ལཱ་འབད་བར་ བཏང་ནུག་ཟེར་ཨིན་པས།
ཇོ་བདག་གིས་ སླབ་མིའི་ནང་ བུམོ་ཅིག་གིས་ མི་ཁུངས་ངོ་སྤྲོད་ལག་ཁྱེར་གསལ་སྟོན་ཐོག་ མོ་རའི་ལོ་ཚད་ གཏན་འཁེལ་འབད་རུང་ ལོ་ན་མ་སྨིན་མི་བུམོ་དེ་གིས་ མོ་ར་ སྐྱེས་ལོ་༡༨ ལང་ཡོདཔ་ལས་ མི་ཁུངས་ངོ་སྤྲོད་ལག་ཁྱེར་བཟོ་བའི་བསྒང་ཨིནམ་སྦེ་ སླབ་དེས་ཟེར་ཨིནམ་ད་ མོ་གི་ཕྱི་གཟུགས་ལུ་ལྟཝ་ད་ སྐྱེས་ལོ་༡༨ ཡན་ཆད་ལང་ཡོདཔ་བཟུམ་མཐོངམ་ལས་ བདེན་འཛིན་རེ་ཡི་ཟེར་ ཁོ་གིས་ བཤད་ནུག།
ད་རུང་ བུམོ་༢ ཐིམ་ཕུག་ལུ་ སྒྲ་དབྱངས་ནང་ ཟླཝ་༧ ལྷགཔ་ཅིག་ ལཱ་འབད་དེ་ སྡོད་ཡོད་པའི་ མངོན་གསལ་བྱུང་ནུག།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁྲིམས་ཀྱི་འདུན་སར་ སྒྲ་དབྱངས་ཀྱི་ ཇོ་བདག་གིས་ ལོག་སྤྱོད་འབད་བའི་ བུམོ་དེ་ལུ་ རྒུད་འཐུས་སྤྲོད་ནིའི་ བཀའ་རྒྱ་གནང་དགོ་པའི་ ཞུ་བ་འབད་དེ་ཡོད་པའི་གནས་ཚུལ།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *